བོད་ནང་བོད་མི་རབས་རྗེས་མ་རྣམས་ཇི་ལྟར་རྒྱ་བསྒྱུར་བྱེད་ཀྱི་ཡོད་དམ།

2024.06.01
བོད་ནང་བོད་མི་རབས་རྗེས་མ་རྣམས་ཇི་ལྟར་རྒྱ་བསྒྱུར་བྱེད་ཀྱི་ཡོད་དམ།
ནུབ་པ་བསྟན་འཛིན་འཆི་མེད།

བོད་ནང་དུ་བོད་པའི་བུ་ཕྲུག་སློབ་ལོ་སོན་པ་ནས་ལོ་ན་ ༡༨ ཙམ་བར་གྱི་གྲངས་འབོར་བརྒྱ་ཆ་ ༨༠ ཙམ་རྒྱ་ནག་གཞུང་གིས་གཉེར་པའི་གཏན་འཇགས་སློབ་གྲྭའི་ནང་བཅུག་སྟེ་བོད་ཀྱི་མི་རབས་རྗེས་མའི་ཐོག་རྒྱ་བསྒྱུར་གྱི་སྲིད་བྱུས་འཛིན་གྱི་ཡོད་པ་བོད་མི་ཙམ་མ་ཟད། ཨ་རིས་གཙོས་ཡར་ཐོན་མང་གཙོའི་རྒྱལ་ཁབ་ཁག་གིས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད། འོན་ཀྱང་ཤེས་ཡོན་སློབ་གསོ་བ་ནུབ་པ་བསྟན་འཛིན་འཆེ་མེད་ལགས་ཀྱིས་རྒྱ་ནག་གཞུང་གིས་འཆར་ལྡན་ཉམས་ཞིབ་བྱས་ཏེ་ཕྱི་ལོ་ ༡༩༨༤ ནས་བཟུང་སྲིད་བྱུས་ཀྱི་ཐབས་ལམ་ཐོག་ནས་མི་རིགས་རྒྱ་བསྒྱུར་གྱི་ལས་གཞི་སྤེལ་ཞིང་། ཕྱི་ལོ་ ༢༠༡༥ ནས་བཟུང་རྒྱལ་སྤྱིའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་ལ་ཁ་གཏད་ཀྱི་ལས་འགུལ་སྤེལ་རྒྱུ་དང་། བོད་ནང་དུ་བོད་ཀྱི་སྐད་ཡིག་གཏོར་བརླག་གཏོང་རྒྱུ། བོད་མིའི་ནང་ཆོས་ལ་སྟངས་འཛིན་ནན་པོ་བྱེད་རྒྱུ་བཅས་ཐབས་བྱུས་ཁག་ཅིག་ལག་བསྟར་བྱེད་ཡོད་པ་བརྗོད་བྱུང་། གནད་དོན་གླེང་མོལ་གྱི་ལས་རིམ་ནང་ཨ་རིའི་ཁེ་ལི་ཧྥོར་ནི་ཡར་གནས་བཞུགས་ཤེས་ཡོན་སློབ་གསོ་བ་རྒན་ནུབ་པ་བསྟན་འཛིན་འཆི་མེད་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྲིད་སྐྱོང་མཆོག་གིས་བོད་དང་ས་འབྲེལ་ལ་དྭགས་བྱང་ཐང་རྒོད་ཡུལ་སོགས་སུ་འཚམས་གཟིགས་གནང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎