༸གོང་ས་མཆོག་ནི་བོད་མིའི་བླ་སྲོག
2022.06.16
ཐེངས་འདིའི་བོད་དང་རྒྱལ་སྤྱིའི་གནས་བབ་ཀྱི་ལེ་ཚན་འདིའི་ནང་། བོད་པའི་རྩོམ་པ་པོ་བཟོ་འབུམ་ལགས་ཀྱི་བརྩམས་པའི་དཔེ་དེབ་༸གོང་ས་མཆོག་དང་རྒྱ་ནག་གམ་ ༸གོང་ས་མཆོག་ནི་བོད་མིའི་བླ་སྲོག་དང་རྒྱ་ནག་གི་ཐབས་ལམ་དང་། དབུ་མའི་ལམ་ནི་བོད་མིའི་རེ་འདོད་དང་རྒྱ་ནག་གི་གོ་སྐབས། ཞེས་པའི་དཔེ་དེབ་ཞིག་དེ་རིང་ཕྱི་ཚེས་ ༡༦ ཉིན་དབུ་འབྱེད་གནང་ཡོད་པ་དང་ད་རེས་ཁོང་ལ་རྒྱལ་སྤྱིའི་དང་ལྷག་པར་དུ་བོད་ནང་ལོག་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ལ་ལྟ་ཚུལ་དང་རེ་བ་གང་འདྲ་ཡོད་མིན་དང་ཁོང་གི་དེབ་དེའི་ནང་དོན་སོགས་ཀྱི་ཐད་གླེང་མོལ་ཞུས་པའི་ལེ་ཚན་ལ་གསན་རོགས།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།