འཇར་མན་ཕྱི་སྲིད་བློན་ཆེན་གྱིས་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད།


2020-09-03
Share
འཇར་མན་ཕྱི་སྲིད་བློན་ཆེན་གྱིས་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད། ༢༠༢༠།༠༩།༠༡།འཇར་མན་ནང་འཇར་མན་ཕྱི་སྲིད་བློན་ཆེན་ཧི་ཀོ་ མཱས་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་རྣམ་གཉིས་ནས་གསར་འགོད་ལྷན་ཚོགས་གནང་སྐབས།
ཨེ་ཨེཕ་པི།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་ད་ཐེངས་ཡོ་རོབ་ནང་གནད་ཡོད་རྒྱལ་ཁབ་ལྔའི་ནང་འཚམས་འདྲིར་བསྐྱོད་སྐབས་རྒྱ་ནག་གཞུང་གིས་ཧོང་ཀོང་བདེ་འཇགས་ཁྲིམས་ལུགས་ཟེར་བ་དེ་ཕྱིར་འཐེན་བྱ་དགོས་པ་དང་ཤིན་ཅང་ནང་རྒྱལ་སྤྱིའི་རྟོགས་ཞིབ་པ་བསྐྱོད་འཇུག་དགོས་པའི་དགོས་འདུན་བཏོན་ཡོད་པའི་སྐོར། ད་ལྟ་ཡོ་རོབ་ནང་ཡོད་པའི་རྒྱ་བོད་ཆབ་སྲིད་ཉམས་ཞིབ་གནང་མཁན་དང་རྩོམ་པ་པོ་སངས་རྒྱས་སྐྱབས་ལགས་ལ་རྡོ་རྗེ་མཚོས་བཅར་འདྲི་ཞུས་པར་གསན་རོགས་གནོངས།།


མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎