ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་བཀའ་ཟུར་རྒྱ་རི་རིན་པོ་ཆེ་མཆོག་གི་རྗེས་དྲན་མཛད་སྒོའི་ཐོག་ཕེབས་ཡོད་པ།

2019-03-13
གློག་འཕྲིན།
མཆན།
Share
པར་བཀོད།
༢༠༡༩།༣།༡༢།ཨ་རིའི་གྲོས་ཚོགས་ནང་བཀའ་ཟུར་རྒྱ་རི་རིན་པོ་ཆེ་མཆོག་ལ་རྗེས་དྲན་ཞུས་པའི་མཛད་སྒོའི་ཐོག་ཨ་རི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པི་ལོ་སི་ཕེབས་ཡོད་པ།
༢༠༡༩།༣།༡༢།ཨ་རིའི་གྲོས་ཚོགས་ནང་བཀའ་ཟུར་རྒྱ་རི་རིན་པོ་ཆེ་མཆོག་ལ་རྗེས་དྲན་ཞུས་པའི་མཛད་སྒོའི་ཐོག་ཨ་རི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པི་ལོ་སི་ཕེབས་ཡོད་པ།
ཨེ་ཤེ་ཡ་རང་དབང་རང་རླུང་འཕྲིན་ཁང༌། ནོར་སྡེ་སྒྲོལ་མ།

༄༅། །ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ཨ་རིའི་གྲོས་ཚོགས་སུ་ཕྱི་ཟླ་ ༣ཚེས་༡༢ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་ཞུས་ཏེ།  ༧གོང་ས་མཆོག་གི་ཨ་རིའི་དམིགས་བསལ་སྐུ་ཚབ་ཟུར་པ་དང་རྒྱ་ནག་གཞུང་གི་འགོ་ཁྲིད་མཉམ་གྲོས་མོལ་གནང་མཁན་བཀའ་ཟུར་རྒྱ་རི་རིན་པོ་ཆེ་དམ་པ་སྔ་ལོ་དགོངས་པ་རྫོགས་པར་རྗེས་དྲན་ཆེ་བསྟོད་ཞུ་བའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་།  མཛད་སྒོའི་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་དབུ་བཞུགས་གནང་བ་དང་ཆབས་ཅིག ཨ་རིའི་གྲོས་ཚོགས་ནང་གི་ཆབ་སྲིད་ཚོགས་པ་གཉིས་ཀའི་ངོས་ནས་བོད་དོན་ལ་དགའ་ཞེན་དང་རིན་པོ་ཆེ་དམ་པ་ཁོང་ལ་རྗེས་དྲན་ཞུ་གི་ཡོད་པ་གསུངས་ཡོད་པ་རེད། ཞིབ་ཕྲ་འདི་གའི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་བཀྲིས་དབང་ཕྱུག

མཆན། (0)
Share
དྲ་གནས་ཆ་ཚང༌།