རྒྱལ་སྤྱིའི་སྟེང་བྱུང་བའི་བོད་དང་འབྲེལ་བའི་གནས་ཚུལ་ཁག་གསུམ།


2020-06-12
Share
ལ་དྭགས་མཐའ་ཁུལ་ས་མཚམས། ལ་དྭགས་མཐའ་ཁུལ་ས་མཚམས།
དྲ་བཤུས།/BCCL

༄༅།།  ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབས་པའི་གླེང་བྱ་ནི། ཉེ་ལམ་རྒྱལ་སྤྱིའི་སྟེང་བྱུང་བའི་བོད་དང་འབྲེལ་བའི་གནས་ཚུལ་ཁག་གསུམ་སྟེ། རྒྱ་རིགས་འབྱོར་ལྡན་ཀུའོ་ཝེན་ཀུའེ་ཟེར་བས་སྤེལ་བའི་རྒྱ་ནག་རྒྱལ་ཕྲན་མཉམ་འབྲེལ་གསར་བ་ཟེར་བའི་བསྒྲགས་གཏམ་ཏུ་བོད་དེ་དམིགས་བསལ་རང་སྐྱོང་གི་ངོ་བོས་བཅུགས་པར། བོད་མིའི་དེར་ངོ་རྒོལ་བྱས་པར་ཀུའོ་ཝེ་ཀུའེ་ཡིས་ཚིག་སྦྱོར་རྩུབ་མོས་ཡ་ལན་སྤྲད་པའི་སྐོར་དང་། གཉིས་པ་ནི་ལ་དྭགས་པ་ཕུན་ཚོགས་སྟོབས་ལྡན་གྱིས་རྒྱ་གར་ནག་གི་ས་མཚམས་རྩོད་རྙོག་གླེང་སྐབས༧གོང་ས་མཆོག་གིས་ཐུགས་སྣང་མ་གནང་ལུགས་སྐྱོན་བརྗོད་བྱས་པའི་སྐོར། གསུམ་པ་ནི་ཨ་རིའི་མི་རིགས་ནག་པོའི་ངོ་རྒོལ་ལས་འགུལ་ལ་བོད་མིའི་རྒྱབ་སྐྱོར་བྱེད་དགོས་མིན་རྩོད་གླེང་བཅས་ཁག་གསུམ་ཀྱི་ཐད་འབྲེལ་ཡོད་བོད་མི་གསུམ་དང་མཉམ་དུ་སྟག་ལྷ་རྒྱལ་གྱིས་བགྲོ་གླེང་བྱེད་རྒྱུ་ཡིན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།