རྒྱལ་སྤྱིའི་ཕ་སྐད་ཉིན་མོ།

2021-02-20
Share
རྒྱལ་སྤྱིའི་ཕ་སྐད་ཉིན་མོ། བོད་ནང་མཚོན་ན་རྒྱ་ནག་གཞུང་གི་སྐད་གཉིས་སློབ་གསོའི་སྲིད་བྱུས་འོག་བོད་ཀྱི་སྐད་ཡིག་རྒྱུད་འཛིན་ཚུལ་མཐུན་བྱེད་རྒྱུར་འགོག་རྐྱེན་སྣ་ཚོགས་ཕྲད་ཀྱི་ཡོད་པ།
ཊི་སྦེ་ཊེན་རི་ཝིཡུ།

༄༅།།ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་འཛམ་གླིང་ཡུལ་གྲུ་མང་པོར་རང་གི་མེས་པོའི་སྐད་ཡིག་སྲུང་སྐྱོབ་ཀྱིས་མཚོན་པས་རང་གི་རིག་གཞུང་དང་སྲོལ་རྒྱུན་ཁག་ལ་བདག་གཅེས་རྒྱུན་འཛིན་བྱེད་རྒྱུར་གདོང་ལེན་བྱ་དགོས་ཀྱི་དཀའ་གནད་མང་དག་ཅིག་ཡོད་མུས་སྐབས། བོད་ནང་མཚོན་ན་རྒྱ་ནག་གཞུང་གི་སྐད་གཉིས་སློབ་གསོའི་སྲིད་བྱུས་འོག་བོད་ཀྱི་སྐད་ཡིག་རྒྱུད་འཛིན་ཚུལ་མཐུན་བྱེད་རྒྱུར་འགོག་རྐྱེན་སྣ་ཚོགས་ཕྲད་ཀྱི་ཡོད་པ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྐད་ཡིག་སྲིད་བྱུས་འབྲེལ་བའི་སྙན་ཐོའི་ནང་གསལ་སྟོན་བྱས་ཡོད་པ་རེད། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་སྤྱི་ཚོགས་སྲུང་སྐྱོབ་ཚོགས་པས་ ༡༩༩༩ ཕྱི་ཟླ་ ༡༡ ཚེས་ ༡༧ ཉིན་གསལ་བསྒྲགས་གནང་བ་ནས་བཟུང་། ལོ་ལྟར་ཕྱི་ཟླ་ ༢ ཚེས་ ༢༡ ཉིན་མོ་འདི་བཞིན་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ཞེས་སྐད་ཡིག་སྲུང་སྐྱོབས་དང་འབྲེལ་བའི་གོ་རྟོགས་སྤེལ་བའི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བོད་ནང་སྐད་གཉིས་སློབ་གསོའི་སྲིད་བྱུས་འོག་བོད་མི་ཚོར་དཀའ་གནད་ཇི་འཕྲད་ཐད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཀརྨ་བསྟན་འཛིན་ལགས་ཀྱི་ལྷན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་ཞིག་གསན་རོགས་ཞུ།

གསར་འགོད་པ་བཀྲ་ཤིས་དབང་ཕྱུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།