འདི་ཕྱི་སྐྱབས་གནས་དཀོན་མཆོག་གསུམ་ཡིན།
2017.01.11
༧གོང་ས་མཆོག་གིས་ང་ཚོའི་འདི་ཕྱི་གཏན་གྱི་སྐྱབས་གནས་དེ་དཀོན་མཆོག་གསུམ་པོ་ཡིན་པ་ལས་ཆོས་སྐྱོང་དང་འཇིག་རྟེན་གྱི་དྲེགས་པ་དེ་ཚོ་མ་རེད་ཅེས་དུས་དབང་གི་སྔོན་འགྲོའི་སྟ་གོན་སྐབས་གསུངས་འདུག དེའི་སྐོར་ང་ཚོའི་ཆེད་གཉེར་གསར་འགོད་པ་སངས་རྒྱས་རྡོ་རྗེ་ལགས་ཀྱིས་བཏང་བའི་གནས་ཚུལ་དང་། ཡང་དུས་དབང་སྐབས་གསུང་སྒྱུར་གྱི་ཆ་རྐྱེན་སྐོར་ཕྱོགས་སྒྲིག་ཞུས་པའི་གནས་ཚུལ་ཞིག་པ་སངས་ཚེ་རིང་ལགས་ཀྱིས་བཏང་བ་བཅས་གསན་རོགས་གནང་།