༧གོང་ས་མཆོག་མོན་ཡུལ་དུ་ཆིབས་བརྒྱུར་བསྐྱང་རྒྱུ།

2024.03.20
༧གོང་ས་མཆོག་མོན་ཡུལ་དུ་ཆིབས་བརྒྱུར་བསྐྱང་རྒྱུ།
དགའ་ལྡན་ཕོ་བྲང་ཡིག་ཚང་།

ཐེངས་འདིའི་ཧི་མ་ཡའི་མི་རིགས་དང་རིག་གཞུང་ཞེས་པའི་ལེ་ཚན་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༣ཚེས་༡༣ཉིན་མོན་རྟ་དགའ་ལྡན་ལྷ་རྩེ་དགོན་པའི་མཁན་པོ་མཆོག་དང་ཕྱག་མཛོད་་མོན་ཡུལ་བསྟན་དོན་རིག་གཞུང་ལྟེ་གནས་ཁང་གི་འགན་འཛིན་བླ་མ་ངག་དབང་ནོར་བུ་དབུས་པའི་སྐུ་ཚབ་འཐུས་མི་རྣམས་ལ་མཇལ་ཁ་སྩལ་གནང་མཛད་པ་མ་ཟད་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ལོ་འདིར་༧མགོན་པོ་གང་ཉིད་མོན་ཡུལ་ཁུལ་ལ་ཆིབས་བསྒྱུར་བསྐྱངས་གནང་གིས་ཆོས་འབྲེལ་བཀྲིན་ཆེ་གནང་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་པ་སོགས་ཀྱི་སྐོར་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎