༧གོང་ས་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་བཀའ་ཆོས་དབུ་འཛུགས་གནང་ཡོད་པ།

2018-12-24
གློག་འཕྲིན།
མཆན།
Share
པར་བཀོད།
གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་རྒྱལ་བ་སོགས་རྒྱལ་ཁབ་ ༧༡ ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ཆིག་ཁྲི་དྲུག་སྟོང་ཙམ་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པས་ལག་ལེན་སོ་བདུན་མ་དང་། ཚད་མ་རྣམ་འགྲེལ་གྱི་བཀའ་ཆོས་དབུ་འཛུགས་གནང་འདུག

དགའ་ལྡན་ཕོ་བྲང༌།

ཕྱི་ཟླ་༡༢ཚེས་༢༤རེས་གཟའ་ཟླ་བའི་ཉིན་ཐོག་མར་པཱ་ལིའི་སྐད་ཀྱི་ཐོག་ནས་བཀྲ་ཤིས་པའི་མདོ་དང་། རྒྱ་གར་བའི་སློབ་ཕྲུག་ཁག་ཅིག་ནས་ལེགས་སྦྱར་སྐད།དེ་བཞིན་རྒྱ་སྐད་ཀྱི་ཐོག་ནས་ཤེས་རབ་སྙིང་པོ་གསུང་འདོན་གནང་།

དེ་ནས་༧་གོང་ས་མཆོག་གིས་་བཀའ་སློབ་སྩལ་དོན། ད་ཆ་དུས་རབས་ཉེར་གཅིག་པ་འདིར་ཕྱི་དངོས་པོའི་མཐུན་རྐྱེན་རྐྱང་པའི་ཐོག་ནས་ནས་བདེ་སྐྱིད་ལྡན་པ་ཡོང་ཐུབ་ཀྱི་མེད་པར་བརྟེན་ནང་གི་བསམ་བློའི་ཐོག་ནས་དོན་དམ་པའི་བདེ་སྐྱིད་བསྐྲུན་ཐུབ་པ་དང་། ཆོས་ཁས་ལེན་མིན་མི་སྒེར་སོ་སོའི་རང་དབང་ཡིན་ཡང་། མི་ཚེ་སྐྱིད་པ་ཞིག་དགོས་ན་བྱམས་བརྩེ་ལྡན་པ་ཞིག་ངེས་པར་བྱེད་དགོས་པ་སོགས་བླང་དོར་བཀའ་སློབ་སྩལ་བའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་གནས་མཆོག་རྡོ་རྗེ་གདན་ལ་ཆེད་དུ་བཅར་བའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པ་སངས་ཚེ་རིང་ལགས་ཀྱིས་བཏང་བར་གསན་རོགས།།

མཆན། (0)
Share
དྲ་གནས་ཆ་ཚང༌།