སིད་སྐྱོང་མཆོག་གིས་ཨ་རིའི་བྱང་ཤར་ཁུལ་གྱི་བོད་མི་རྣམས་དང་མཇལ་འཕྲད་གནང་བ།
2022.06.28
ཐེངས་འདིའི་གསར་འགྱུར་དཔྱད་གཏམ་གྱི་ལེ་ཚན་ནང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིའི་མངའ་སྡེ་Vermont དང་གྲོང་ཁྱེར་Boston གཉིས་ནང་གི་བོད་མི་ཚོར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་སྤྱི་ཚོགས་ཡག་པོ་ཞིག་དང་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་ཐབས་སྐུ་ལས་སྐྱོན་གནང་བའི་བཀའ་འདྲིན་བསམ་བཞིན་དེ་ཚོ་ཤེས་དགོས་པ་གལ་ཆེན་པོ་ཡིན་པ་དང་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་ཆེད་དུ་བོད་མི་ནང་ཁུལ་གྱི་ཆིག་སྒྲིལ་གྱི་ནུས་པ་ཧ་ཅང་གི་གལ་ཆེན་པོ་ཡིན་པའི་སྐོར་སོགས་གསུང་བཤད་གནང་བའི་སྐོར་གཡུ་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།