སྤྲུལ་སྐུ་བསྟན་འཛིན་འགྱུར་མེད་རིན་པོ་ཆེ་ཨ་རིའི་ཧར་ཝརཌི་གཙུག་ལག་སློབ་ཆེན་ནས་བསླབ་པ་མཐར་སོན་པ།
2024.05.25
སེར་བྱེས་མཁས་སྙན་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་སྤྲུལ་སྐུ་བསྟན་འཛིན་འགྱུར་མེད་རིན་པོ་ཆེ་མཆོག་གིས་ལོ་གཉིས་ཀྱི་རིང་ཨ་རིའི་ཧར་ཝརཌི་གཙུག་ལག་སློབ་ཆེན་ནས་ཕྱི་ཟླ་ ༥ ཚེས་ ༢༣ ཉིན་འཛམ་གླིང་ཆོས་ལུགས་ཆེ་གྲས་ཁག་གི་ཉམས་ཞིབ་དང་འབྲེལ་བའི་ཐོག་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་བཞེས་ཡོད་པ་ནི། ནུབ་ཕྱོགས་ཡར་ཐོན་གྱི་ལུང་པའི་ནང་གཙུག་ལག་སློབ་ཆེན་གྲགས་ཅན་ཞིག་ནས་འདི་ལྟའི་ཆོས་ལུགས་ཀྱི་ཉམས་ཞིབ་ཐོག་ནས་སློབ་མཐར་སོན་མཁན་ཉུང་ཤས་ཁོངས་ནས་གཅིག་ཆགས་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། སྤྲུལ་སྐུ་བསྟན་འཛིན་འགྱུར་མེད་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།