0:00 / 0:00
༄༅༎ཕྱི་ལོ་ཉིས་སྟོང་བཅུ་ཟླ་བརྒྱད་པའི་ཚེས་སུམ་བཅུ་སོ་གཅིག་གི་ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་མཇུག་སྒྲིལ་མཛད་སྒོར་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་ཡོད་པ་དང༌། ཚོགས་བཅར་བ་རྣམས་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འབྱུང་འགྱུར་བཀའ་བློན་ཁྲི་པ་དང་སྤྱི་འཐུས་འོས་བསྡུ་གནང་ཕྱོགས་ཐད་བཀའ་སློབ་བསྩལ་གནང་མཛད་ཡོད་པར་གསན་རོགས༎
