འབའ་ཐང་ནས་སྒྲོལ་མས་རང་ལུས་མེར་བསྲེཊ་གནང་འདུག


2014.03.31
༢༠༡༤།༣།༢༩ཉིན་འབའ་ཐང་ནས་རང་ལུས་མེར་བསྲེཊ་གནང་མཁན་བཙུན་མ་སྒྲོལ་མ་ལགས། ༢༠༡༤།༣།༢༩ཉིན་འབའ་ཐང་ནས་རང་ལུས་མེར་བསྲེཊ་གནང་མཁན་བཙུན་མ་སྒྲོལ་མ་ལགས།
པར། འབའ་བ་སྐལ་བཟང་རྒྱལ་མཚན།

དཀར་མཛེས་འབའ་ཐང་ནས་བོད་དོན་ཆེད་རང་ལུས་མེར་བསྲེཊ་གནང་མཁན་ནི་ཁུལ་དེའི་བཙུན་མ་སྒྲོལ་མ་ལགས་ཡིན་པ་རེད་འདུག
བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན། ཟླ་འདིའི་ཕྱི་ཚེས་༢༩ཉིན་ཕྱི་དྲོར་འབའ་ཐང་རྫོང་འབའ་ཆོས་སྡེ་དགོན་པའི་ཉེ་འགྲམ་དུ་འབའ་ཐང་སྤྱི་སྲུང་ཤོག་དགུའི་ཁོངས་ནས་ཡིན་པའི་བཙུན་མ་སྒྲོལ་མ་ལཊ་ཀྱིས། རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་པ་དང་། དེ་མ་ཐག་དགོན་པར་སྐོར་བ་རྒྱག་མཁན་གྱི་བོད་མི་ཚོས་མཐོང་ནས་ཁོ་མོའི་ལུས་སྟེང་གི་མེ་བསད་པ་དང་། འབའ་ཐང་རྫོང་མི་དམངས་སྨན་ཁང་དུ་འཁྱེར་ཏེ་མྱུར་སྐྱོབ་བྱེད་ཐབས་བྱས་ཡོད། དེ་མ་ཐག་ས་གནས་ཀྱི་དྲ་རྒྱ་བསྔོག་མི་ཐུབ་པར་གྱུར་ཡོད་པ་དང་ཁ་པར་སོགས་བརྒྱུད་ལམ་སྟངས་འཛིན་ནན་མོ་བྱེད་ཀྱི་ཡོད་པར་ཞིབ་ཕྲའི་གནས་ཚུལ་དམ་དྲག་དབང་གིས་ཤེས་བཀའ་བའི་གནས་སུ་ཡོད་པ་རེད། འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བརྗོད་དོན། རང་ལུས་མེར་བསྲེགས་གནང་མཁན་བཙུན་མ་སྒྲོལ་མ་ལགས་ནི། ད་ལྟ་རང་ལོ་ ༣༡ ཙམ་ཡིན་པ་འབའ་ཐང་རྫོང་འབའ་ཐང་སྤྱི་སྲུང་ཤོག་དགུའི་ཕྱོགས་ནས་ཡིན་པ་དང་། ཕ་མིང་ལ་ཉི་མ་དང་ཨ་མ་མིང་ལ་དབང་མོ་ཞུ་བཞིན་ཡོད་འདུག
རང་ལུས་མེར་བསྲེགས་མ་གནང་གོང་ཁོང་འབའ་ཐང་རྫོང་རི་སྟོད་རྐ་མགོར་ཕྱག་འཚལ་བཞིན་བསྡད་ཡོད་པ་དང་། རྒྱ་གཞུང་གིས་ཉེ་ལམ་ཁོང་དང་མཉམ་དུ་སྡོད་མཁན་གྱི་བཙུན་མ་གསུམ་འཛིན་བཟུང་གིས་གར་ཡོད་མ་ཤེས་པར་ལྷག་ཡོད་འདུག་ལ། དེའི་ཁྲོད་ཨ་ནེ་གཅིག་དེ་སྔོན་རྒྱ་གར་ནས་ཕྱིར་བོད་ནང་ལོག་མཁན་ཞིག་ཡིན་འདུག
ས་ཆའི་ཆ་ནས་ལོ་རྒྱུས་ལྟར་ན་འབའ་ཐང་སྤྱི་སྲུང་ཤོག་དགུ་ཞེས་བ་འབའ་ཐང་རྫོང་གི་ཁོངས་གཏོགས་ཡིན་ཡང་། ཕྱིས་སུ་རྒྱ་ནག་གི་ས་ཆ་བགོ་སྐབས་སྨར་ཁམས་ཀྱི་ཁོངས་སུ་བཅུག་ཡོད་པ་ངོ་སྤྲོད་བྱས་བྱུང་།
གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎