བྷིར་ཛིལ་གྲོས་ཚོགས་ཀྱི་འཐུས་མིས་རྡ་སར་གཟིགས་སྐོར།


2013-11-05
Share
བྷིར་ཛིལ་གྲོས་ཚོགས་ཀྱི་འཐུས་མི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་དང་མཇལ་འཕྲད་སྐབས། བྷིར་ཛིལ་གྲོས་ཚོགས་ཀྱི་འཐུས་མིས་རྡ་སར་གཟིགས་སྐོར།
པར། བཙན་བྱོལ་བོད་མིའི་སྒྲིག་འཛུགས།

བྷེར་ཛིལ་གྲོས་ཚོགས་ཀྱི་འཐུས་མི་གཉིས་ཀྱིས་བོད་མི་དམངས་སྤྱི་འཐུས་ལྷན་ཁང་དུ་གཟིགས་ཞིབ་དང་། ཚོགས་གཞོན་རྒྱུན་ལས་རྣམ་པར་མཇལ་འཕྲད་གནང་ཡོད་འདུག

Brizil གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Walter Feldman དང་། Pastor Eurico གཉིས་ནི་Brazil བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན་ཡིན་པ་དང་། ཕྱི་ཟླ་བཅིུག་པའི་ཚེས་ལྔ་ཉིན་ཁོང་གཉིས་བོད་མི་དམངས་སྤྱི་འཐུས་ལྷན་ཁང་གི་ཚོགས་གཞོན་བསོད་ནམས་བསྟན་འཕེལ་ལགས་དང་མཇལ་འཕྲད་ཞུས་པ་དང་། ཚོགས་གཞོན་མཆོག་ནས་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་སྟངས་དང་། བཙན་བྱོལ་ནང་གི་དམངས་གཙོའི་འཕེལ་རིམ་སོགས་ངོ་སྤྲོད་ཞུས་ཡོད་པའི་ཁར། དམིགས་བསལ་བོད་ནང་གི་ཡ་ང་བའི་གནས་སྟངས་དང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་འུ་ཐུག་ཐབས་ཟད་ཀྱིས་རང་སྲོག་བློས་གཏོང་གནང་བའི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་གནང་འདུག ད་དུང་བོད་ནང་གི་ཁོར་ཡུག་གནས་སྟངས་དང། བོད་མི་རིགས་ཀྱི་སྐད་ཡིག ཆོས་ལུགས་ཉམ་ཆགས་འགྲོ་བཞིན་པའི་གནས་སྟངས། བོད་ནང་དུ་རྒྱ་མི་རིགས་འཕོན་ཆེ་གནས་སྤོ་བྱས་ཏེ་བོད་མི་རྣམས་རང་གི་ལུང་པའི་ནང་གྲངས་ཉུང་མི་རིགས་སུ་འགྱུར་བཞིན་པའི་ཛ་དྲག་གི་གནས་སྟངས་སོགས་ཀྱི་སྐོར་ངོ་སྤྲོད་ཞུས་ཡོད་པ་རེད།

སྐབས་དེར་གྲོས་ཚོགས་ཀྱི་འཐུས་མི་རྣམ་གཉིས་ནས་ཀྱང་ཧ་ཅང་གི་ཐུགས་སྣང་ཆེན་པའི་ཐོག་ནས་བཀའ་ལན་གནང་བ་དང་། ད་དུང་འཐུས་མི་རྣམ་གཉིས་ནས་ཀྱང་མ་འོངས་པར་བོད་དོན་བདེན་པའི་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བའི་ཁར་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་Brizil དུ་འཚམས་འདྲི་གཟིག་སྐོར་དུ་ཕེབས་རྒྱུའི་གདན་ཞུ་ཡང་གནང་ཡོད་པ་རེད།།

གསར་འགོད་པ་ཉི་མ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།