བཀའ་བློན་དྲུང་ཆེ་རྣམ་པར་དམིགས་བསལ་ཟབ་སྦྱོང་།

དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཚོགས་པས་ལས་དོན་འཆར་སྒྲིག་དང་བྱུས་བཀོད་ཐད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་དང་དྲུང་ཆེ་རྣམ་པར་དམིགས་བསལ་ཟབ་སྦྱོང་གནང་འདུག

2012.08.27

གནས་ཚུལ་ལྟར། ཟབ་སྦྱོང་དབུ་འཛུགས་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་བཀའ་ཁྲི་བློ་བཟང་སེངྒེ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་རྗེས་དཔལ་འབྱོར་ལས་ཁུངས་ཀྱི་ཟུང་དྲུང་དབང་འདུས་ལགས་ཀྱིས་ཟབ་སྦྱོང་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་གསལ་བཤད་གནང་གྲུབ་བསྟུན་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་ནང༌། ཟབ་སྦྱོང་འདི་འདྲ་ཞིག་ལ་བརྟེན་ནས་འབྱུང་འགྱུར་ང་ཚོའི་ལས་དོན་བྱེད་ཕྱོགས་ཐད་ཏན་ཏན་ཕན་ཐོགས་ཡོང་བའི་རེ་བ་ཡོད།། ཟབ་སྦྱོང་སྤྲོད་མཁན་རྣམ་པས་དཀའ་ངལ་འཛེམ་མེད་ཐོག་ཆར་དུས་སྐབས་རྒྱ་གར་གུ་ཇུ་རཱ་ཐི་མངའ་སྡེ་ནས་འདིར་ཆེད་ཕེབས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཟབ་སྦྱོང་འདི་འདྲ་ཞིག་གོ་སྒྲིག་ཞུ་རྒྱུ་གལ་ཆེ་ཡིན་སྐོར་དེ་སྔ་བཀའ་ཤག་ལྷན་རྒྱས་སྐབས་གོ་བསྡུར་བྱུང་ཡོད་ཅེས་གསུངས་གནང་འདུག། ཐེངས་འདིའི་ཟབ་སྦྱོང་སློབ་ཁྲིད་གནང་མཁན་རྒྱ་གར་བ་གཙུག་ལག་སློབ་དཔོན་སྐུ་ཞབས་ཧི་ཏེ་ཤི་བྷ་ཊི་(Prof. Hitesh Bhat) དང་ལྕམ་སྐུ་བྷ་སི་ཝ་ཏི་ཅཀ་ར་བྷོ་ཊི་ (Ms. Bhaswati Chakrovorty) སྐུ་ཞབས་སན་ཇིབ་ཀུ་མཱར་གུཔྟ་ (Mr. Sanjeev Kumar Gupta)་བཅས་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་མཆོག་གིས་གཞུང་འཛིན་གྱི་འགན་འཁུར་བཞེས་པའི་སྐབས་འདིར། ཨ་མི་རི་ཀས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གིས་ཐུགས་རེ་གནང་བཞིན་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པས་མཛད་རིམ་ཐོག་མ་རྒྱ་གར་སོགས་མཐུན་ཕྱོགས་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎