དཀར་མཛེས་རྫོང་ཐོག་ཏུ་བཤད་སྒྲུབ་ལྷ་མོས་སྐད་འབོད།

བོད་དཀར་མཛེས་རྫོང་ཐོག་ཏུ་བཙུན་མ་བཤད་སྒྲུབ་ལྷ་མོས་བོད་དོན་ཆེད་རྔམ་སྟོན་སྐད་འབོད་བྱས་རྗེས་ཕྱི་གླིང་བ་ཞིག་དང་བཅས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

2012.08.27

པདྨ་ཚེ་དབང་ནས་གནས་ཚུལ་བཏང་དོན། ཕྱི་ལོ་ ༢༠༡༢ ཟླ་ ༨ པའི་ཚེས་ ༢༥ ཉིན་བོད་ནང་སྔ་དྲོ་ཆུ་ཚོད་ ༨ །༣༠ ཙམ་ཞིག་ལ་ཁམས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ། དཀར་མཛེས་དགའ་ལྡན་ཆོས་གླིང་དགོན་གྱི་བཙུན་མ་བཤད་སྒྲུབ་ལྷ་མོ་ལགས་ཀྱིས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སོགས་ཀྱི་སྐད་ཤུགས་ཆེན་པོས་ཞི་རྒོལ་ཐོག་ཁྲོམ་སྐོར་བྱས་ཞོར་ཡིག་ཆ་མང་པོ་གཏོར་ཡོད་འདུག འོན་ཀྱང་ཁོང་གི་ཡིག་ཆའི་ནང་དོན་གང་ཡིན་གསལ་ཁ་མ་ཤེས་ཀྱང་དུས་ཡུན་ཐུང་ངུ་ལས་མ་འགོར་བར་རྒྱ་གཞུང་གི་ཉེན་རྟོག་པ་འབྱོར་ཏེ་ཁོང་ལ་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་པ་མ་ཟད། དཀར་མཛེས་རྫོང་གི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་འདུག སྐབས་དེར་ཕྱི་རྒྱལ་བ་ཞིག་གིས་བཙུན་མ་ཁོང་གིས་གཏོར་བའི་ཡིག་ཆ་དེར་པར་བརྒྱབ་པར་བརྟེན་ཕྱི་རྒྱལ་བ་དེ་ཡང་བཙུན་མ་ཁོང་དང་ལྷན་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག

རང་ལོ་ ༣༩ ཡིན་པ་བཙུན་མ་བཤད་སྒྲུབ་ལྷ་མོ་ལགས་ནི། དཀར་མཛེས་རྫོང་། ཀཿབྲག་ཤང་། ཤང་ཁག་གྲོང་། ཕ་ཚེ་དབང་འགྱུར་མེད། མ་ཚེ་རིང་དཔལ་མོ་གཉིས་ཀྱིས་བུ་མོ་ཡིན་འདུག་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་གི་ས་ཡོམ་དང་འབྲེལ་དྲྭ་ཐོག་གནས་ཚུལ་སྤེལ་མཁན་ ༢༡ ལ་ཞིབ་དཔྱོད་དང་ཉེས་ཆད་བཅད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཀརྨ་ཚེ་བརྟན་ལགས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་འགོ་ཁྲིད་དུ་བདམས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎