བོད་རང་བཙན་གྱི་དཔར་འབར་ཉིའུ་ཡོག་ཏུ་འབྱོར་ཡོད་པ།

བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་བརྒྱ་ཕྲག་འགའ་ཤས་ཀྱིས་དཔལ་འབར་བསྐོར་བསྐྱོད་ཀྱི་སྐབས་མཉམ་ཞུཊ་གནང་འདུག
2008-04-28
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བོད་རང་བཙན་གྱི་དཔལ་འབར་དེ་ཨ་རིའི་གྲོང་ཁྱེར་ ཉིའུ་ཡོག ཏུ་འབྱོར་བའི་མཛད་སྒོ་ཞིག་གནང་བའི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་བརྒྱ་ཕྲག་འགའ་ཤས་དཔལ་འབར་བསྐོར་བསྐྱོད་ཀྱིི་མཛད་སྒོའི་ནང་མཉམ་ཞུགས་གནང་ཡོད་པ་རེད། དཔལ་འབར་མེ་སྤར་མཛད་སྒོར་བོད་ཀྱི་ཆབ་སྲིད་བརྩོན་ཟུར་དཔལ་ལྡན་རྒྱ་མཚོ་ལགས་དང་བོད་རང་བཙན་ཐབས་རྩོད་གནང་མཁན་འཇམ་དབྱངས་ནོར་བུ་ལགས་དང་བུ་མོ་ན་ཆུང་འགའ་ཤས་ཀྱིས་བོད་ཀྱི་གནའ་བོའི་འཁྲབ་ཆས་གྱོན་ནས་བསུ་བ་ཞུས་གནང་ཡོད་པ་རེད། ནིའུ་ཡོག གྲོང་ཁྱེར་ནང་གི་བོད་རང་བཙན་དཔལ་འབར་བསྐོར་བསྐྱོད་ནང་ཞུགས་མཁན་རྣམས་ཀྱིས་བོད་ཀྱི་རྒྱལ་དར་དང་ཡིག་སྦྱང་ཕྲེད་དར་བསྣམས་ནས་ཆེད་བཟོས་ལུས་རྩལ་གྱི་གོས་གྱོན་ནས་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་རེད། དཔལ་འབར་དེ་ནིའུ་ཡོག་གྲོང་ཁྱེར་གྱི་ལམ་ཆེན་ཞིག་གི་ཐོག་ནིའུ་ཡོག་དང་ནིའུ་ཇར་སིི་ས་གནས་བོད་རིགས་བཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་དང་རྒྱུན་ལས་ཟུར་པ་རྣམས་ཀྱིས་ལག་ལ་ཐོག་ནས་སྐོར་བསྐྱོད་གནང་ཡོད་པ་རེད། གསུང་བཤད་གནང་མཁན་ཁུངས་བོད་རང་བཙན་དོན་གཉེར་གནང་མཁན་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཉེ་ལམ་བོད་ས་ཡོངས་རྫོགས་ཐོག་རྒྱ་ནག་གི་བཙན་དབང་ལ་ངོ་རྒོལ་བྱེད་མཁན་རྣམས་ཀྱིས་བོད་ལ་རང་བཙན་དགོས་པ་དང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཕྱིར་ཕེབས་ཡོང་བའི་ཆེད་ཞི་བའི་ངོ་རྒོལ་རྔམ་སྟོན་ཁྲོམ་བསྐོར་གནང་བ་ཞིག་ཡིན་སྐོར་གསུངས་འདུག མཛད་སྒོའི་ཐོག་གསུང་བཤད་གནང་མཁན་གཞན་ཡང་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་གཞོན་པ་བསྟན་འཛུན་རྡོ་རྗེ་ལགས་སོགས་ཀྱིས་གསུང་བཤད་གནང་ཡོད་པ་རེད༎

 

 

མཆན། (0)
Share
དྲ་གནས་ཆ་ཚང༌།