བོད་རྒྱ་ཞི་མོལ་ལས་དོན་ཚོཌ་འདུ་ཐེངས་༢༥་བ་ཚོཌ་འཆར་།
2012.12.26
དེ་ཡང་བོད་ཀྱི་དུས་བབ་ཀྱིས་གནས་ཚུལ་སྤེལ་དོན་། བོད་རྒྱ་ཞི་མོལ་ལས་དོན་ཚོཌ་ཆུང་གི་ཚོཌ་འདུ་ཐེངས་༢༥་པ་དེའི་ཐོག་གཙོ་བོ་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིཌ་ནས་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་བསྐོ་བཞག་དང་། འབྲེལ་མོལ་བསྐྱར་མཐུད་གནང་ཕྱོཌ་སྐོར་བཀའ་བསྡུར་གནང་རྒྱུའི་གླེང་སློང་ཞིག་ཡོང་གི་ཡོད་པ་དང་། གླེང་སློང་དེ་དང་འགྲོག་ནས་ད་རེས་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་ཁུངས་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལཌ་རྣམ་གཉིས་སྐུ་ཚབ་ལ་བསྐོ་བཞག་གནང་རྒྱུ་དང་། ཕལ་ཆེར་དེ་སྔའི་དམིཌ་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་རིན་པོ་ཆེ་མཆོག་ཀྱང་ཡང་བསྐྱར་བསྐོ་བཞག་གནང་སྲིད་པའི་གླེང་སློང་བྱེད་ཀྱི་ཡོད་འདུག གནས་ཚུལ་ཐད་བོད་རྒྱ་ཞི་མོལ་ལས་དོན་ཚོཌ་ཆུང་གི་ཚོཌ་མི་ཞིག་ལ་དུས་བབ་ཀྱིས་ཞལ་པར་བརྒྱུད་བཅའ་འདྲི་ཞུ་སྐབས། ཁོང་གིས་བོད་རྒྱ་ཞི་མོལ་ལས་དོན་ཚོཌ་ཆུང་གི་ཚོཌ་འདུ་ཐེངས་༢༥་པ་དེ་འདི་ཟླའི་ཚེས་༣༡་ནས་ཟླ་བ་རྗེས་མའི་ཚེས་༢་བར་བཀའ་ཤག་གི་ཚོཌ་ནང་ཚོཌ་རྒྱུ་ཡིན་པ་དངོས་ཡོད་གནས་ཚུལ་རེད་། ཡིན་ནའང་ཚོཌ་འདུའི་གྲོས་གཞིའི་སྐོར་ནམ་རྒྱུན་གསར་འགོད་པ་ཚོར་སྔོན་ལ་བཤད་ཀྱི་ཡོད་མ་རེད་། ཕལ་ཆེར་འདི་ལོའི་ཕྱི་ཟླ་༦་པའི་ནང་བོད་རྒྱ་འབྲེལ་མོལ་སྐོར་ལ་བཀའ་ཤག་གིས་གསལ་བསྒྲཌ་གནང་བའི་ནང་དོན་དང་གཅིག་པ་རེད་། ཚོཌ་ཞུཌ་པ་ཚང་མ་འཛོམས་མིན་ད་དུང་བཤད་ཀྱི་མིན་འདུག་ཅེས་བཀའ་ལན་གནང་འདུག འདི་ལོའི་ཕྱི་ཟླ་༨་ཚེས་༨་ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་བཅུ་བཞི་པའི་བཀའ་ཤག་གི་ལོ་གཅིག་གི་ལས་དོན་གསལ་བསྒྲཌ་གནང་བའི་ནང་། ཕྱི་ཟླ་༡༢་པའི་ནང་བོད་རྒྱ་ཞི་མོལ་ལས་དོན་ཚོཌ་ཚུང་ཡང་བསྐྱར་སྐོང་ཚོཌ་གནང་སྟེ་འབྱུང་གྱུར་རྒྱ་ནག་གི་གནས་སྟངས་སྤྱི་དང་ལྷག་དོན་དུ་འགོ་ཁྲིད་འཕོ་གྱུར་ལ་གཞིཌ་ནས་དོན་ཕན་ལྡན་པའི་ཞི་མོལ་ཡོང་ཐབས་བཅས་ཀྱི་སྐོར་བསམ་ཞིབ་གོ་བསྡུར་གནང་རྒྱུ་ཡིན་ལུཌ་བཀོད་གནང་ཡོད་པ་རེད།