བཙོན་འོག་ལ་ཡོད་པའི་ཨ་ཉ་སེང་སྒྲ་ལཊ་ཀྱི་སྐུ་གཟུགས་གནས་སྟངས་ཡག་པོ་མི་འདུག་ཟེར།


2019.12.09
ཨ་ཉ་སེང་སྒྲ་ལགས་ཀྱི་ཉེ་པར། ༼ཟླ་ཚེས་མི་གསལ ཨ་ཉ་སེང་སྒྲ་ལགས་ཀྱི་ཉེ་པར། ༼ཟླ་ཚེས་མི་གསལ
བོད་འབྱོར།

རྒྱ་ནག་གཞུང་གིས་ཁྲིམས་ཐག་བཅད་མ་ཐག་པའི་ཨ་ཉ་སེང་སྒྲ་ལགས་ཀྱི་གཟུགས་པོའི་གནས་སྟངས་ཡག་པོ་མེད་ལུགས་ཁོང་གི་ཁྲིམས་རྩོད་པས་འགྲེལ་བརྗོད་གནང་གི་འདུག
ཉེ་ཆར་རྒྱ་ནག་གཞུང་གིས་མི་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཨ་ཉ་སེང་སྒྲ་ལགས་ཀྱི་ཁྲིམས་རྩོད་པ་སྐུ་ཞབས་(Lin Qilei)་ལགས་སུ། སྤྱི་ཟླ་ ༡༢་ཚེས་ ༩ ་ཉིན་འདི་ག་ཨེ་ཤེ་རང་དབང་རླུང་འཕྲིན་ཁང་གིས་ཁ་པར་བརྒྱུད་བཅར་འདྲི་ཞུས་པའི་སྐབས་སུ། ཁོང་གིས་ཨ་ཉ་སེང་སྒྲ་ལགས་ཀྱི་གཟུགས་པོའི་གནས་སྟངས་དེ་ཙམ་ཡག་པོ་མི་འདུག ཁོང་ལ་ཁྲག་ཤེད་མཐོ་བ་སོགས་ཀྱི་ན་ཚ་ཡོད་ཅིང་། བཀག་ཉར་ཁང་ནས་ཁོང་ལ་སྨན་ཁག་ཅིག་སྤྲད་པ་དེ་ཚོས་ཕན་ནུས་དེ་ཙམ་ཐོན་གྱི་མི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
སྤྱི་ཟླ་ ༡༢་ཚེས་ ༦་ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྤྱི་ཚོགས་ལ་དཀྲུག་རྐྱེན་བསླངས་བ་སོགས་ཀྱི་ཉེས་མིང་འོག་ལྐོག་ཟ་རུལ་སུངས་ཐེར་འདོན་པ་ཨ་ཉ་སེང་སྒྲ་ལགས་སུ་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཨ་ཉ་སེང་སྒྲ་ལགས་ཀྱིས་ཁྲིམས་ཆད་དེར་ངོས་ལེན་གནང་མེད་ཅིང་། བསྐྱར་ཏུ་ཁྲིམས་གཏུགས་གནང་རྒྱུ་ཡིན་པར་གསུང་གི་ཡོད་པ་རེད།
ཨ་ཉ་སེང་སྒྲ་ལགས་ཀྱི་ཁྲིམས་རྩོད་པ་སྐུ་ཞབས་(Lin Qilei)་ཡིས་མུ་མཐུད་དུ་གསུང་ན། བོད་ཁུལ་གྱི་གྱོད་དོན་འདི་རིགས་ནི་རྒྱ་ནག་གི་ནག་འཇོམས་ངན་སེལ་ཞེས་པའི་ལས་འགུལ་ལ་གཞོགས་འདེགས་ཀྱི་ཆེད་དུ་ཡིན་པ་ལྟར། ཨ་ཉ་སེང་སྒྲའི་གྱོད་དོན་དེ་སྟོབས་ཤུགས་ངན་པར་ངོས་འཛིན་བྱེད་ཐབས་བྱས་ཀྱང་དེ་ལྟར་མ་བྱུང་བ་འདྲ། ཡིན་ན་ཡང་ཞིབ་ཕྲའི་གནས་ཚུལ་ཁྲིམས་ཁང་གི་བཅད་ཁྲ་འབྱོར་བའི་རྗེས་སུ་གསལ་པོ་ཤེས་ཀྱི་རེད། ཉེ་ཆར་ཁྲིམས་ཐག་བཅད་སྐབས་ངག་ཐོག་ནས་བསྒྲགས་པ་མ་གཏོགས། ཡིག་ཐོག་གི་བཅད་ཁྲ་མེད་པ་འདྲ་ཞེས་འགྲེལ་བརྗོད་གནང་གི་འདུག
སྤྱི་ཚེས་ ༦་ཉིན་མགོ་ལོག་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་དུ་ཁྲིམས་ར་ཚོགས་སྐབས་ཨ་ཉ་སེང་སྒྲ་ལགས་ཀྱི་ཆུང་མ་དང་མི་གཞན་ཞིག་ཟུར་ཉན་ལ་སོང་ཡོད་པ་ཁྲིམས་རྩོད་པ་(Lin Qilei)་ཡིས་འགྲེལ་བརྗོད་གནང་གི་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎