ཨ་རྒྱ་གཉིས་ཀྱི་སྲིད་འཛིན་དྲ་ལམ་ནས་མཇལ་མོལ་སྐབས་འགྲོ་བ་མིའི་ཐོབ་ཐང་གླེང་དགོས་བའི་འབོད་སྐུལ།

2021-11-15
Share
ཨ་རྒྱ་གཉིས་ཀྱི་སྲིད་འཛིན་དྲ་ལམ་ནས་མཇལ་མོལ་སྐབས་འགྲོ་བ་མིའི་ཐོབ་ཐང་གླེང་དགོས་བའི་འབོད་སྐུལ། ཨ་རྒྱ་གཉིས་ཀྱི་སྲིད་འཛིན་དྲ་ལམ་ནས་མཇལ་མོལ་སྐབས་འགྲོ་བ་མིའི་ཐོབ་ཐང་གླེང་དགོས་བའི་འབོད་སྐུལ་ངོ་རྒོལ་ལས་འགུལ་སྐབས། ༡༡།༡༤།༢༡
Erika@FB

འདི་ཚེས་༡༤་དང་༡༥་ཉིན་གཉིས་རིང་། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་མདུན་དུ། བོད་མི་དང་། ཡུ་གུར་བ། ཧོང་ཀོང་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་གཞོན་སྐྱེས་མི་གྲངས་བརྒྱ་ལྷག་འཛོམས་ནས་བསྟུད་མར་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ནས། ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་དྲ་ལམ་བརྒྱུད་མཇལ་མོལ་གནང་འཆར་ཡོད་པའི་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ངེས་པར་དུ་གླེང་སློང་གནང་དགོས་པ་གཙོས་འབོད་སྐུལ་དོན་ཚན་དྲུག་བཏོན་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད།
ཨ་རི་དང་རྒྱ་ནག་གི་དབུ་ཁྲིད་བར་གྱི་དྲ་ལམ་མཇལ་མོལ་འདི་ཚེས་༡༥་ཉིན་གནང་འཆར་ཡོད་པ་དང་། རྒྱ་ནག་དམར་ཤོག་གཞུང་གི་དྲག་གནོན་དང་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་ཁག་གི་མི་རྣམས་ཀྱིས་ཨ་རིའི་སྲིད་འཛིན་གྱིས་ཁོང་ཚོའི་འབོད་སྐུལ་ལས་འགུལ་ལ་རྒྱབ་སྐྱོར་གནང་རྒྱུའི་ཞུ་སྐུལ་བྱས་ནས། འདུ་འཛོམས་སྐབས་ལས་འགུལ་བ་ཚོས་ཕོ་བྲང་དཀར་པོའི་མདུན་སྦཡེ་ཌེན་འགྲོ་བ་མིའི་ཐོབ་ཐང་སྲུང་རོགས། འགྲོ་བ་མིའི་ཐོབ་ཐང་ཤིན་ཏུ་གལ་ཆེན་ཡིན་ཞེས་སྐད་འབོད་བྱས་ཡོད་པ་དང་། མུ་མཐུད་དུ་དབུ་ཁྲིད་གཉིས་ཀྱི་མཇལ་མོལ་མ་ཚར་བར་ངོ་རྒོལ་སྐད་འབོད་གནང་རྒྱུ་ཡིན་པ་རེད།

sft.JPG
འདུ་འཛོམས་སྐབས་ལས་འགུལ་གོ་སྒྲིག་པའི་གྲས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བློ་བཟང་ཚེ་བརྟན་ལགས་ཀྱིས། ད་ཐེངས་ཀྱི་ལས་འགུལ་དང་འབྲེལ་དགོས་འདུན་དོན་ཚན་དྲུག་ཡོད་པ་བསྒྲགས་པའི་ནང་། སྲིད་འཛིན་མཆོག་༢༠༢༢་ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་མི་ཞུགས་པ་དང་། ཕྱི་འབྲེལ་གྱི་ལམ་ནས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་ཕྱིར་འཐེན་བྱེད་དགོས་བ། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བའི་སྲིད་ཇུས་རིགས་མཚམས་འཇོག་དགོས། རྒྱལ་སྤྱིའི་གསར་འགོད་པ་དང་ལྟ་ཞིབ་པ། བཙན་བྱོལ་བོད་མི་བཅས་རང་དབང་གི་སྒོ་ནས་བོད་ཁུལ་དུ་བསྐྱོད་ཆོག་པའི་རང་དབང་སྤྲོད་དགོས་པ། བོད་དང་ཡུ་གུར། ཧོང་ཀོང་གི་ཆབ་སྲིད་བཙོན་མ་ཚང་མ་གློད་བཀྲོལ་གཏོང་དགོས། ཧོང་ཀོང་དུ་ལག་ལེན་དུ་བསྟར་བཞིན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་མེད་པར་གཏོང་དགོས་སོགས་ཀྱི་འབོད་སྐུལ་གནང་ཡོད་པ་རེད།

sft-white.JPG
འདུ་འཛོམས་དེའི་སྟེང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བསྟན་འཛིན་འཛོམས་དབྱངས་ལགས་དང་། འགྲོ་མིའི་ཐོབ་ཐང་ལྟ་ཞིབ་ཀྱི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་རེ་ཆ་ཌི་སོ་ཧྥེ་ཡ། ཧོང་ཀོང་དམངས་གཙོ་ཚོགས་པའི་འགན་འཛིན་ལིང་ཀྲིན་དབྱིན། ཡུ་གུར་བའི་རྩོམ་པ་པོ་ཇོ་ཧར་ཨེལ་ཧམ། འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་(Rebiya Kadeer)་ལཊ་སོགས་མཉམ་ཞུགས་གཏམ་བཤད་གནང་ཡོད་པ་རེད།

གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།