དོན་གཅོད་མཆོག་གིས་ཧྥ་རན་སིའི་གྲོས་ཚོཊ་འཐུས་མི་དང་མཇལ་མོལ།

2016-10-28
གློག་འཕྲིན།
མཆན།
Share
པར་བཀོད།
བྷར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་མཆོག་གིས་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ་སྐབས།
བྷར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་མཆོག་གིས་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ་སྐབས།
tibet.net

བྷར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་མཆོག་གིས་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ་གནང་ཡོད་འདུག
དེ་ཡང་དེ་རིང་ཚེས་༢༧་ཉིན་བྷར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཧྥ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མ་ཁེལ་རེ་སན་Michel Raison་མཆོག་དང་མཇལ་འཕྲད་གནང་འདུག མཇལ་འཕྲད་གནང་སྐབས། གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཁེལ་རེ་སན་མཆོག་དང་ལྷན་གྲོས་ཚོགས་ཀྱི་ཕྱག་རོགས་ལྕམ་སྐུ་Charlotte Braud་ལགས་དང་། ཧྥ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཛིན་སྐྱོང་དྲུང་ཆེ་སྐུ་ཞབས་Theirry Munierལགས་བཅས་ཀྱང་ཡོད་འདུག
ཡང་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་དང་ལྷན་དུ་པེ་རི་སིའི་ནང་ཡོད་པའི་དོན་གཅོད་ལས་ཁུངས་ཀྱི་འབྲེལ་མཐུད་པ་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་ཀྱང་བཅར་ཡོད་འདུག
ཁོང་རྣམ་པའི་མཇལ་འཕྲད་སྐབས། ཧྥ་རན་སིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐོར་ཐོག་ནུས་པ་མཉམ་སྤུངས་ཡོང་ཐབས་དང་། མ་འོངས་པར་ལས་འགུལ་སྤེལ་ཕྱོགས། དེ་བཞིན་བོད་ནང་གི་གནས་སྟངས་སྐོར་དུས་ཐོག་སྙན་སེང་ཞུ་རྒྱུ་བཅས་ཀྱི་སྐོར་གོ་བསྡུར་གནང་འདུག
གཞི་རྩའི་ཧྥ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞེས་པ་འདི་བཞིན་གཞུང་འབྲེལ་ཐོག་ནས་ཕྱི་ལོ་༢༠༠༠་ལོར་ཆེད་བཙུགས་གནང་བ་ཞིག་ཡིན་པ་དང་། རྒྱབ་སྐྱོར་ཚོགས་པའི་ངོ་བོ་ནི་རྒྱལ་སྤྱིའི་བོད་དོན་དྲིལ་བསྒྲགས་ལས་ཁུངས་International Group of Information on Tibet་ལྟ་བུ་ཡིན་འདུག ད་ལྟའི་ཆར་ཚོགས་པ་འདིའི་ནང་ཧྥ་རན་སིའི་ཆབ་སྲིད་ཚོགས་པ་འདྲ་མིན་ལས་གྲུབ་པའི་ཚོགས་མི་གྲངས་ ༢༢་ཙམ་ཡོད་འདུག
ཚོགས་པ་གསར་འཛུགས་གནང་རྗེས་ཕྱི་ལོ་༢༠༠༥་དང་། ཕྱི་ལོ་༢༠༡༣་བཅས་སོ་སོར་སྐུ་ཚབ་ཁག་གཅིག་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཡོད་པ་དང་། དམིགས་བསལ་ཕྱི་ལོ་༢༠༠༦་ལོར་ཚོགས་མི་བཞི་ལས་གྲུབ་པའི་ཚོགས་ཆུང་ཞིག་བོད་ཀྱི་རྒྱལ་ས་ལྷ་སར་གཟིགས་སྐོར་ཕེབས་ཡོད། དེ་བཞིན་ཚོགས་པས་ཉེ་ལམ་ཕྱི་ལོ་༢༠༡༦་ཟླ་༩་བའི་ནང་། ཕྱིའི་གནོན་ཤུགས་ལ་མ་འཛེམས་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེའི་གྲོས་ཚོགས་གོང་མའི་ནང་གདན་ཞུས་ཐུབ་པ་བྱུང་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན་དང་སྟག་ལྷ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།