བོད་ལྗོངས་ངའི་ཕ་ཡུལ་ཞེས་པའི་ཉིན་མོ་སྲུང་བརྩི།

ཨ་རིའི་རྒྱལ་སའི་ས་གནས་བོད་ཀྱི་གཞོན་ནུས་བོད་ལྗོངས་ངའི་ཕ་ཡུལ་ཞེས་པའི་ཉིན་མོར་སྲུང་བརྩི་ཞུས་འདུག

2012.06.24

༄༅༎ཨ་མེ་རི་ཀའི་རྒྱལ་སའི་ཁུལ་གྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ལྗོངས་ངའི་ཕ་ཡུལ་ཞེས་པའི་ཉིན་མོ་སྲུང་བརྩི་ཞུས་གནང་འདུག

རེས་གཟའ་སྤེན་པའི་ཉིན་ཨ་མེ་རི་ཀའི་རྒྱལ་སའི་ཁུལ་གྱི་ས་ཁུལ་མི་རི་ལེནྜ་དང་ ལྦ་རྗི་ཎི་ཡ་དང་། ཌི་སི་བཅས་ཀྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཚོགས་མི་ཚོས་དབྱར་ཀིའི་གུང་སེང་དང་སྟབས་བསྟུན་གྱིས་སྤྱི་གླིང་ཞིག་ཏུ་འདུ་འཛོམས་ཀྱིས་སྔ་དྲོའི་རིང་སྤྲོ་སེང་གི་རྣམ་པའི་ཚུལ་དུ་དུས་འདའ་བ་དང་། ཉིན་གུང་གསོལ་ཚིགས་གྲུབ་རྗེས་ཚོགས་མི་རྣམས་སྤྱི་གླིང་གིས་ནགས་གསེབ་ཏུ་ཟུར་དུ་འཛོམས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཡན་ལག་གཞན་སྤྱི་མཚུངས་ལོ་ལྟར་དབྱར་དུས་སུ་བོད་ལྗོངས་ངའི་ཕ་ཕུལ་ཞེས་པའི་དུས་ཚིགས་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར་ཚོགས་འདུའི་ཐོག་དུས་ཚིགས་ངོ་སྤྲོད་དང་། རིང་མིན་ནུབ་བྱང་གྱི་གྲོང་ཁྱེར་སྡེ་སི་ཡ་ཏལ་ནང་བྱང་ཨ་རིའི་ཁུལ་གྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལོ་རེའི་འགན་འཛིན་ལྷན་ཚོགས་འཚོགས་རན་པ་ལྟར་ཚོགས་འདུའི་གྲོས་གཞིའི་ཐོག་བསམ་ཚུལ་བསྡུ་རུབ་བྱས་འདུག  འདི་ལོ་གྲོས་གཞིའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་རང་བཙན་གྱི་ལས་འགུལ་གོང་མཐོར་སྤེལ་ཕྱོགས་དང་། བོད་ནང་རང་ལུས་མེར་བསྲེག་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱིས་འཐབ་རྩོད་པ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་ལས་འགུལ་སྤེལ་ཕྱོགས་དང་ དེ་བཞིན་ས་གནས་གཞོན་ལྷན་ཚོགས་ཀྱིས་སྒྲིག་འཛུགས་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་བཀའ་བསྡུར་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎