བཀའ་ཤག་གིས་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་སུ་བཟོད་གསོལ་ཞུས་འདུག


2019.12.27
ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཨང་༢༠་པའི་ཐད་ཉན་ཞིབ་སྐབས། ༢༠༡༩།༦།༡༧ ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཨང་༢༠་པའི་ཐད་ཉན་ཞིབ་སྐབས། ༢༠༡༩།༦།༡༧
ཆེས་མཐོའི་ཁྲིམས་ཞིབ་ཁང་།

ཕྱི་ལོ་༢༠༡༩ ཟླ་༡༢ ཚེས་༢༧ཉིན་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གཞུང་འབྲེལ་བོད་ཡིག་དྲྭ་རྒྱའི་སྟེང་ཁ་མཆུ་ཨང་ ༢༠ པའི་བཅད་ཁྲའི་དགོངས་དོན་བཞིན་བཟོད་གསོལ་ཞུས་པའི་གནས་ཚུལ་བཀོད་ཡོད་པའི་ནང་།

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ ཉིན་སྤེལ་བའི་བཅད་ཁྲའི་ནང་། “བཀའ་ཤག་ནས་བྱང་ཨ་རི་དོན་གཅོད་སྤེན་པ་ཚེ་རིང་ལགས་འཕོ་འགྱུར་དང་། དེའི་རྗེས་འབྲེལ་གསལ་བཤད་དོན་ཚན་ ༡༠ གསལ་བསྒྲགས་བྱས་པ་དེ། གནས་ཚུལ་ཡོང་ཁུངས་ངེས་བརྟན་མེད་པ་དང་། ཁ་ཡིན་ལ་གོ་ནོར་ཐེབས་དབང་གིས། སྤེན་པ་ཚེ་རིང་གི་ལྷག་བསམ་དང་། འཇོན་ཐང་། བཟང་སྤྱོད་བཅས་པར་མ་ཉེས་ཁ་གཡོགས་ཤོར་བ་དང་། སྤྱི་ཚོགས་ནང་དངོས་བདེན་མ་ཡིན་པའི་གནས་ཚུལ་ཁྱབ་འགྲེམས་སོང་བའི་སྐོར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བཅད་ཁྲ་ཁྱབ་བསྒྲགས་གནང་འདུག་པར་བརྟེན། བཀའ་ཤག་གིས་སྤེན་པ་ཚེ་རིང་ལ་བཟོད་གསོལ་ཞུ་རྒྱུ་ཡིན།” ཞེས་བརྗོད་བྱ་འདི་རང་བཀོད་དགོས་པའི་བཅད་ཁྲའི་དགོངས་དོན་བཞིན་བཟོད་གསོལ་ཞུ་ཡི་ཡོད། ཞེས་བཀོད་འདུག

ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་༢༠༡༩་ཟླ་༡༠ཚེས་༡༤བཏང་བའི་བཅད་ཁྲའི་ནང་ཉིན་གྲང་སུམ་བཅུའི་ནང་བཅད་ཁྲ་ཉམས་ལེན་ལག་བསྟར་དགོས་པ་གསལ་ཡོད་པ་གཞིར་བཟུང་ལག་བསྟར་ཞུས་མེད་པ་ཞུ་སྦྱོར་བ་སྤེན་ཚེ་རིང་ལགས་ཀྱིས་ཞུ་སྙན་ཕུལ་བ་བཞིན། ཁྲིམས་ཞིབ་ཁང་ནས་ཟླ་༡༡ ཚེས་༢༢་ཉིན།  རྩོད་ལེན་པ་སྲིད་སྐྱོང་བློ་བཟང་སེང་གེ་བརྒྱུད་བཀའ་ཤག་ལ་བཀའ་ཁྱབ་ཞིག་བཏང་བའི་ནང་གསལ་། ༢༠༡༩ ཟླ་༡༢ཚེས་༢༧ ཚོུད་༤པའི་གོང་བཅད་ཁྲ་ལག་བསྟར་དགོས་ཞེས་གསལ་བ་ལྟར་ལག་བསྟར་གནང་ཡོད་ཅིང། བཅད་ཁྲའི་དགོང་དོན་བཀའ་ཤག་ནས་བཟོད་གསོལ་ཞུས་པའི་ཡིག་ཆ་རྣམས་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལ་སྤྲོད་ཆེད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཕུལ་གནང་འདུག

བཀའ་ཤག་ནས་བཅད་ཁྲ་ཉམས་ལེན་གནང་ཕྱོགས་དང་འབྲེལ་བའི་སྐོར་སྲིད་ཚབ་ནང་སྲིད་བཀའ་བློན་མཆོག་ལ་བཅར་འདྲི་གོ་སྐབས་ཞུས་ཀྱང་ནང་སྲིད་བཀའ་བློན་མཆོག་ཚོགས་འདུ་འཚོགས་བཞིན་ཡོད་པས་དུས་ཁོམ་མེད་པ་་གསུང་གནང་སོང།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎