ཨ་རིའི་རྒྱལ་ས་མངལ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པས་ཨ་རིའི་དོན་གཅོད་གསར་རྙིང་ལ་ཕེབས་སྐྱེལ་དང་ཕེབས་བསུ་ཞུས་ཡོད་པ།

2021-12-04
Share
ཨ་རིའི་རྒྱལ་ས་མངལ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པས་ཨ་རིའི་དོན་གཅོད་གསར་རྙིང་ལ་ཕེབས་སྐྱེལ་དང་ཕེབས་བསུ་ཞུས་ཡོད་པ། ༢༠༢༡།༡༢།༠༣། ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པས་དོན་གཅོད་ཟུར་པར་ཕེབས་སྐྱེལ་དང་དོན་གཅོད་གསར་པར་ཕེབས་བསུའི་གསོལ་སྟོན་ཕུལ་འདུག
ཨེ་ཤེ་ཡ་རེང་དབང་རླུང་འཕྲིན་ཁང་། བཀྲིས་དབང་ཕྱུག

བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་གསར་རྙིང་དབར་རྩིས་ལེན་རྩིས་སྤྲོད་ལེགས་པར་ཟིན་རྗེས།  ཟླ་འདིའི་ཕྱི་ཚེས་༠༣ཉིན་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པས་དོན་གཅོད་ཟུར་པར་ཕེབས་སྐྱེལ་དང་དོན་གཅོད་གསར་པར་ཕེབས་བསུའི་གསོལ་སྟོན་འདེགས་འབུལ་ཞུས་ཡོད་པ་དང་།   ས་གནས་མང་ཚོགས་འདུ་འཛོམས་ཀྱི་མཛད་སྒོ་སྟབས་བདེ་ཞིག་གནང་བའི་ཐོག   དོན་གཅོད་གསར་རྙིང་གཉིས་ཀས་ད་ལྟ་བོད་ནང་གཉན་འཕྲང་དུས་སྐབས་སུ་བོད་མི་ཡོངས་ཀྱི་རང་ནུས་གང་ཡོང་ཀྱི་བོད་དོན་ཕྱག་ལས་ཐོག་ལ་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།  གནས་ཚུལ་ཞིབ་ཕྲ་འདི་གའི་ཆེད་གཏོང་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།