ཐེ་དབན་དང་རྒྱ་ནག་བར་གཞུང་འབྲེལ་གྱི་གྲོས་མོལ་ཞིག་གནང་རྒྱུ།

ཐེ་དབན་དང་རྒྱ་ནག་གཞུང་བར་མཁའ་འགྲུལ་འཕུར་བསྐྱོད་དང་ཡུལ་སྐོར་སྤྲོ་འཆམ་འཕེལ་རྒྱས་ཀྱི་གྲོས་མཐུན་ཐོག་མཚན་རྟགས་རྒྱབ་རྒྱུ་ཡིན་འདུག

2008-06-08
Share

༄༅༎ཐེ་དབན་གྱི་ཆེས་མཐོའི་བློན་ཆེན་རིམ་པའི་དཔོན་རིགས་གཉིས་གཟའ་འཁོར་རྗེས་མར་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་ཏེ་རྒྱ་ནག་གཞུང་དང་ལྷན་དུ་རེས་གཟའ་སྤེན་པ་དང་ཉི་མ་གཟའ་མཇུག་ཏུ་ཕྱོགས་གཉིས་བར་མཁའ་འགྲུལ་འཕུར་བསྐྱོད་དང་ཡུལ་སྐོར་སྤྲོ་འཆམ་འཕེལ་རྒྱས་ཀྱི་གྲོས་མཐུན་ཐོག་མཚན་རྟགས་རྒྱབ་རྒྱུ་ཡིན་པའི་སྐོར་ལ་རེས་གཟའ་ཉི་མའི་ཉིན་ཐེ་དབན་ཕྱོགས་ནས་རྒྱ་ནག་དང་གྲོས་མོལ་གནང་མཁན་གྱི་དཔོན་རིགས་ནས་གསུངས་ཡོད་པ་རེད།

ཟླ་བ་འདིའི་ཕྱི་ཚེས་༡༡ ནས་༡༤ བར་ཉིན་གྲངས་བཞིའི་རིང་ཐེ་དབན་གྱི་སྐུ་ཚབ་རྒྱ་ནག་གི་དཔོན་རིགས་དང་མཇལ་འཛོམས་གྲོས་མོལ་གནང་རྒྱུའི་གནས་སྟངས་དེ་ནི་ཁ་སྔོན་ཕྱི་ཟླ་༥པའི་ཚེས་༢༠ ཉིན་མ་དབྱིང་ཇུའུ་ཡིས་ཐེ་དབན་སྲིད་འཛིན་གྱི་ཐུགས་འགན་བཞེས་ཏེ་མ་འོངས་གོ་མིང་ཏང་གི་སྲིད་དབང་འཛིན་པའི་རིང་ལ་རྒྱ་ནག་དང་ཐེ་དབན་ཡུལ་གྲུ་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་གཏང་རྒྱུའི་ཁས་ལེན་བྱས་པའི་རྗེས་ཐེངས་དང་པོ་ཕྱོགས་གཉིས་བར་ལོ་རྒྱུས་ལྡན་པའི་གཞུང་འབྲེལ་གྱི་གྲོས་མོལ་ཞིག་ཡིན་པ་དང༌། སྲིད་འཛིན་མ་དབྱིང་ཇུའུ་ཡིས་ད་དུང་འདི་ལོའི་ཕྱི་ཟླ་བདུན་པའི་ནང་ཚུད་ལ་གཟའ་མཇུག་སྐབས་ལ་མཚོ་ཁག་གཉིས་བར་ལ་གནམ་གྲུ་འཕུར་བསྐྱོད་ཀྱི་སྒོ་མོ་འབྱེད་རྒྱུ་དང་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡུལ་སྐོར་སྤྲོ་འཆམ་པ་ཐེ་དབན་ནང་ཡོང་མཁན་འཕེལ་རྒྱས་བཏང་སྟེ་ཐེ་དབན་གྱི་དཔལ་འབྱོར་ཉམས་རྒུད་ཕྱིན་པ་བསྐྱར་གསོ་དང་འཕེལ་རྒྱས་གཏང་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། ད་ལྟ་བར་ཐེ་དབན་དང་རྒྱ་ནག་བར་ལ་རྒྱལ་ཁབ་གཞན་བརྒྱུད་མི་དགོས་པའམ་བབས་ཚུགས་བྱ་མི་དགོས་པའི་ཐོག་ནས་ཐད་ཀར་འཕུར་བསྐྱོད་བྱེད་པའི་དུས་ཚོད་ཀྱི་རྒྱ་མིའི་དུས་ཆེན་ཁོ་ནར་ཡིན་ཞིང༌། དེ་མིན་དུས་རྒྱུན་མཁའ་འགྲུལ་གྱི་འབྲེལ་ལམ་ནི་ཧོང་ཀོང་དང་ཡང་ན་ཨའུ་མན་གང་རུང་བརྒྱུད་དགོས་པ་འམ་བབས་ཚུགས་བྱས་ཏེ་ཕྱོགས་ཕན་ཚུན་འཕུར་བསྐྱོད་བྱེད་ཀྱི་ཡོད་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།