འབར་མ་བརྒྱུད་རྒྱ་ནག་ལ་རྡོ་སྣུམ་ལྕགས་དོང་འཁྲིད་འཆར།

འབར་མའི་གཞུང་གིས་རྒྱ་ནག་ལ་འབར་མ་བརྒྱུད་རྒྱ་ནག་ཏུ་རྡོ་སྣུམ་གྱི་ལྕགས་དོང་འཁྲིད་ཆོག་རྒྱུའི་ཁས་ལེན་ཐོབ་ཡོད་པའི་གནས་ཚུལ།

2009-12-21
Share

༄༅༎འབར་མའི་གཞུང་གིས་རྒྱ་ནག་ལ་འབར་མ་བརྒྱུད་རྒྱ་ནག་ཏུ་རྡོ་སྣུམ་གྱི་ལྕགས་དོང་འཁྲིད་ཆོག་རྒྱུའི་ཁས་ལེན་ཐོབ་ཡོད་ལ་ཕྱོགས་མཚུངས་འབར་མའི་གཞུང་གིས་འདི་ལོ་ཕྱི་ཟླ་བརྒྱད་པའི་ནང་འབར་མ་དང་རྒྱ་ནག་ས་མཚམས་འཁེལ་བའི་འབར་མའི་ས་གནས་ཤིག་ཏུ་དུས་ཟིང་བྱུང་རྗེས་ས་ཁུལ་དེ་ནས་མི་སྟོང་ཚོ་འགའ་ཤས་རྒྱ་ནག་གི་ནང་སྐྱབས་བཅོལ་བའི་ངོ་བོའི་ཐོག་ནས་འཛུལ་ཞུགས་བྱས་པའི་གནས་ཚུལ་མི་འབྱུང་རྒྱུའི་ཁས་ལེན་ཡང་བྱས་འདུག།

ཁས་ལེན་དེ་དག་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཇི་པིང་འབར་མའི་ནང་གཟའ་མཇུག་ཏུ་གཞུང་འབྲེལ་འཚམས་གཟིགས་སུ་འབྱོར་བ་དེའི་སྐབས་བྱས་པ་ཞིག་ཡིན་པ་རེད།

རྒྱ་ནག་ནི་འབར་མར་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་གཙོ་བོ་དེ་ཡིན་པར་མ་ཟད་དམག་དོན་ཡོ་བྱད་མཁོ་སྤྲོད་བྱ་མཁན་ཆེ་ཤོས་གྲས་ཤིག་ཀྱང་ཡིན་ཞིང་རྒྱ་ནག་གིས་བྷར་མ་ནི་རྒྱ་ནག་གི་ས་ཁུལ་ཁག་ཅིག་གི་ནང་རྒྱ་གར་རྒྱ་མཚོ་ནས་རྡོ་སྣུམ་དང་ཤིང་སྣའི་རིགས་ཐད་ཀར་ནང་འདྲེན་བྱ་ཡུལ་གྱི་གལ་ཆེའི་ས་གནས་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་དང་ཡུལ་གྲུ་གཉིས་དབར་གྱི་འབྲེལ་བའི་འཕེལ་རིམ་གྱི་ནང་ནས་གནད་དོན་གལ་འགངས་ཆེ་ཤོས་དེ་འབར་མས་བདག་ཏུ་བཟུང་བའི་ས་བབས་ཆགས་སྟངས་ཀྱི་ཐོག་ནས་ཆེས་གནད་འགག་ཆེ་བ་མ་ལ་ཀ་མཚོ་གླིང་ནས་ཡུ་ནན་ཞིང་ཆེན་གྱི་ནང་རྡོ་སྣུམ་གྱི་ལྕགས་དོང་གསར་རྒྱག་བྱེད་པའི་ལས་དོན་དེ་ཡིན་པ་དང་འབར་མའི་གཞུང་གིས་རྒྱ་ནག་གཞུང་འབྲེལ་རྡོ་སྣུམ་ཁེ་གཉེར་ལས་ཁང་ལ་ལྕགས་དོང་གསར་རྒྱག་བྱ་རྒྱུའི་ཐོབ་དབང་ཡོངས་སུ་སྤྲོད་རྒྱུའི་ཆིངས་དོན་ལ་རྒྱ་ནག་གི་སྲིད་འཛིན་གཞོན་པ་འབར་མའི་ནང་ཡོད་མུས་སྐབས་མིང་རྟགས་བཀོད་ཟིན་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།