རྒྱ་ནག་གིས་པཎ་ཆེན་དུ་བསྐོས་པ་རྒྱལ་མཚན་ནོར་བུ་བལ་ཡུལ་ནང་ཕེབས་རྒྱུར་ངོས་ལེན་རྩ་བ་ནས་མེད་ཅེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་སོང་།

2024.12.12
རྒྱ་ནག་གིས་པཎ་ཆེན་དུ་བསྐོས་པ་རྒྱལ་མཚན་ནོར་བུ་བལ་ཡུལ་ནང་ཕེབས་རྒྱུར་ངོས་ལེན་རྩ་བ་ནས་མེད་ཅེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་སོང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་སྐབས། ༢༠༢༤།༡༢།༡༢ ཉིན།
RFA/ Tenzin Dhonyoe

ཉེ་ལམ་བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་ ༡༢ ཚེས་ ༡༤ ནས་ ༡༧ བཅས་ཉིན་གྲངས་བཞིའི་རིང་རྒྱ་ནག་གཞུང་གིས་པཎ་ཆེན་དུ་བསྐོ་གཞག་བྱས་པ་རྒྱལ་མཚན་ནོར་བུ། རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་བལ་ཡུལ་གྱི་ནང་བསྟན་གནའ་ཤུལ་གྲགས་ཅན་ལུམ་བི་ནི་ (Lumbini) རུ་འཚོག་འཆར་ཡོད་པའི་ལྷོ་ཨེ་ཤི་ཡའི་རྒྱ་ནག་རྒྱ་མཚོའི་ནང་པའི་ཚོགས་འདུ་ཐེངས་ ༩ སྟེང་ཡོང་འཆར་ཡོད་པའི་གནས་ཚུལ་སྤེལ་ཡོད་པས། དེ་རིང་ཟླ་ ༡༢ ཚེས་ ༡༢ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས། རྒྱ་ནག་གཞུང་གིས་བོད་མིའི་ཆོས་ཕྱོགས་ཀྱི་བྱེད་སྒོར་ཐེ་བྱུས་བྱེད་པ་དེར་བལ་ཡུལ་གཞུང་ནས་ངོས་ལེན་གནང་རྒྱུ་མེད་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་བ་དང་། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ནས། བལ་ཡུལ་ནང་རྒྱལ་མཚན་ནོར་བུའི་འཚམས་གཟིགས་གང་འདྲ་ཞིག་ཡིན་རུང་། བལ་ཡུལ་གཞུང་གིས་འཕྲལ་གྱི་ཆབ་སྲིད་ཀྱི་ཁེ་ཕན་དང་དགོས་མཁོའི་སླད། རྒྱ་ནག་གིས་བོད་ཀྱི་ཆོས་ཕྱོགས་ལས་དོན་སོགས་ལ་ཐེ་བྱུས་བྱེད་བཞིན་པ་དེར་ངོས་ལེན་བྱས་པ་ཡིན་ན། ངོ་རྒོལ་ཡོད་སྐོར་བསྒྲགས་གཏམ་སྤེལ་སོང་།

རྒྱ་ནག་གིས་ཆེད་དུ་བསྐོ་གཞག་བྱས་པའི་རྒྱལ་མཚན་ནོར་བུ་ནི། དེ་སྔ་རྒྱ་ནག་སྐམ་ས་ཆེན་མོའི་ཕྱི་ཕྱོགས་སུ་ཐོག་མར་ཕྱི་ལོ་ ༢༠༡༢ ལོར་ཏེ། ཧོང་ཀོང་དུ་འཚོགས་པའི་འཛམ་གླིང་ནང་བསྟན་བགྲོ་གླེང་ཚོགས་ཆེན་སྟེང་བཞུགས་བཅུག་ཡོད་པ་རེད་འདུག་ལ། ཐེངས་འདིར་རྒྱལ་མཚན་ནོར་བུ་བལ་ཡུལ་དུ་ཡོང་རྒྱུའི་གནད་དོན་དེའི་ཐོག་དབྱེ་ཞིབ་པ་ཚོས། རྒྱ་ནག་གིས་འཛམ་གླིང་གི་ནང་པའི་སྤྱི་ཚོགས་ཁྲོད་འགོ་ཁྲིད་ཀྱི་ནུས་པ་འདོན་ཐབས་བྱེད་ཐབས་བྱེད་བཞིན་ཡོད་པ་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། བདེ་ཆེན་དབང་མོ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།






བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་གི་ས་ཡོམ་དང་འབྲེལ་དྲྭ་ཐོག་གནས་ཚུལ་སྤེལ་མཁན་ ༢༡ ལ་ཞིབ་དཔྱོད་དང་ཉེས་ཆད་བཅད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་བཞི་ལ་དབྱིན་ཇིའི་རྒྱལ་པོ་Charles III ཡི་ཁྲི་འདོན་གྱི་རྟགས་མ་དང་ཕྱག་ཁྱེར་ཐོབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎