རྒྱ་ནག་གཞུང་གིས་གློག་བརྙན་འཁྲབ་སྟོན་པར་སྐྱོན་འཛུགས།

རྒྱ་ནག་གཞུང་གིས་དབྱིན་ཇིའི་གློག་བརྙན་འཁྲབ་སྟོན་པ་ཀིརི་ཤེན་སྦེལ་ལ་རྒྱ་ནག་ནང་བསྐྱར་དུ་ཡོང་མི་ཆོག་པའི་དམ་བསྒྲགས་བྱས་འདུག

2011-12-21
Share

༄༅༎ལོ་རྒྱུས་ཐོག་གི་ནན་ཅིང་དམར་བསད་ཆེན་པོའི་སྐོར་གྱི་ཨ་རིའི་གློག་བརྙན་མིང་ལ་དམག་འཁྲུག་གི་མེ་ཏོག་ཅེས་པ་དེ་འཁྲབ་མཁན་དབྱིན་ཇིའི་གློག་བརྙན་འཁྲབ་སྟོན་པ་ཀིརི་ཤེན་སྦེལ་(Christian Bale)ལ་རྒྱ་ནག་གིས་སྣེ་ལེན་བྱ་རྒྱུའི་ཚབ་ལ་སྐྱོན་འཛུགས་དང་འབྲེལ་རྒྱ་ནག་ནང་བསྐྱར་དུ་ཡོང་མི་ཆོག་པའི་དམ་བསྒྲགས་བྱས་འདུག།
སྦེལ་ཡིས་ཉེ་ཆར་རྒྱ་ནག་གི་ཁྲིམས་རྩོད་པ་ལོང་བ་ཁྲེན་ཀོང་ཁྲེང་ཐུག་འཕྲད་ཆེད་འགྲོ་སྐབས་ལམ་བར་རྒྱ་ནག་སྐོར་སྲུང་བས་བཀག་བསྡོམས་བྱས་པའི་རྗེས། དེ་རིང་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གིས་ཨོ་སི་ཁའར་བྱ་དགའ་ཐོབ་མཁན་དབྱིན་ཇིའི་གློག་བརྙན་འཁྲབ་སྟོན་པ་སྦེལ་ལ་རྒྱ་ནག་ནང་གི་གནས་ཚུལ་འཁྱོག་བཤད་བྱས་པའི་སྐྱོན་འཛུགས་བྱས་འདུག།
དབྱིན་ཡུལ་ནས་ཡིན་པའི་ཧོ་ལི་ལྦུདྲ་གློག་བརྙན་འཁྲབ་སྟོན་པ་ཀིརི་ཤེན་སྦེལ་ཡིས་བདུན་སྔོན་མ་སི་ཨེན་ཨེན་གྱི་གསར་འགོད་པ་ཁག་ཅིག་མཉམ་འཁྲིད་ཀྱིས་པེ་ཅིང་ནས་ཆུ་ཚོད་བརྒྱད་ཙམ་རིང་སྣུམ་འཁོར་ནང་འགྲུལ་བཞུད་ཀྱིས་ལིན་ཡི་རྫོང་སྡེའི་གྲོང་གསེབ་ཅིག་དུ་ རྒྱ་ནག་གི་ཆབ་སྲིད་དོན་གཉེར་བ་ཁྲིམས་རྩོད་པ་ལོང་བ་ཁྲེན་ཐུག་འཕྲད་ཆེད་སྐྱོད་སྐབས། རྒྱ་མིའི་བསྐོར་སྲུང་བས་ཁོང་གི་ལག་ནས་པར་ཆས་འཕྲོག་ལེན་བྱས་པ་དང༌། ཁྲེན་ཐུག་མ་བཅུག་པར་བཙན་ཤེད་ཀྱིས་ཕྱིར་ལོག་བཏང་ཡོད་པའི་གནས་ཚུལ་སི་ཨེན་ཨེན་ཐོག་ཡོངས་ཁྱབ་རྒྱང་བསྲིང་བྱས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།