རྒྱ་ནག་གི་སྐོར་བསྐྱོད་ནི་བོད་ཀྱི་སྐོར་འཁྱོག་བཤད་ཀྱི་ཆེད་དུ་རེད།


2017.03.29
སུད་སིར་བོད་མི་ཚོས་བོད་དོན་ལས་འགུལ་སྤེལ་བཞིན་པ། ༢༠༡༧།༣།༢༧ སུད་སིར་བོད་མི་ཚོས་བོད་དོན་ལས་འགུལ་སྤེལ་བཞིན་པ། ༢༠༡༧།༣།༢༧
tibetinfo.eu

བོད་རང་སྐྱོང་ལྗོངས་ཟེར་བའི་སྐུ་ཚབ་ཚོགས་པ་ཞིག་གིས་སུད་ཛར་ལེནཌ་ནང་གཞུང་འབྲེལ་ལྟ་བསྐོར་ཆེད་འབྱོར་འདུག
དེ་ཡང་འདི་ཚེས་༢༨ ཉིན་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཟླ་བ་འདིའི་ཚེས་༢༨ ཀྱི་མཚན་མོར་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ལས་གྲུབ་ཅིང་།  རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་གི་ཚོགས་མི་དང་མི་རིགས་ལྷན་ཁང་གི་འགན་འཛིན་གཞོན་པ་པད་མ་འཕྲིན་ལས་ཀྱིས་སྣེ་ཁྲིད་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་སྐུ་ཚབ་ཚོགས་པ་ཞིག་སུད་ཛར་ལེནཌ་ནང་འབྱོར་ཡོད་པ་དང་། སྐུ་ཚབ་ཚོགས་པ་དེས་སུད་སིའི་གྲོང་ཁྱེར་ཛུ་རིཁ་དང་སྦེན་སོགས་སུ་གཟིགས་སྐོར་གྱིས་བོད་ནང་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་འགྲོ་བཞིན་པ། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ལས་དོན་སྤེལ་ཏེ་བོད་ཀྱི་སྲོལ་རྒྱུན་རྒྱུན་འཁྱོངས་བྱེད་བཞིན་པ་སོགས་དྲིལ་བསྒྲོག་བྱེད་བཞིན་ཡོད་ཚུལ་སོགས་བཀོད་འདུག
འོན་ཀྱང་སུད་ཛར་ལེནཌ་ནང་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་བོད་རྒྱའི་འབྲེལ་མཐུད་པ་བློ་བཟང་ཉི་མ་ལགས་ཀྱིས། རྒྱ་ནག་གཞུང་གི་བསྐོར་བསྐྱོད་དེ་ཚོ་ནི་བོད་ཀྱི་སྐོར་འཁྱོག་བཤད་རང་གི་ཆེད་དུ་ཡིན་པ་མ་ཟད། དེ་ནི་ཁེ་ཕན་བརྗེ་ལེན་རང་ཡིན་པ་ལས། ཁོང་ཚས་བཤད་བཞིན་པ་དེ་ལ་མང་པོ་ཞིག་གིས་ཡིད་ཆེས་བྱེད་ཀྱི་མ་རེད་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསལ་བཤད་གནང་ཡོད་པ་རེད།
སྐུ་ཚབ་ཚོགས་པ་སུད་ཛར་ལེནཌ་དུ་མ་ཡོང་གོང་དབྱིན་ཡུལ་ནང་ནང་ཉིན་བཞིའི་རིང་གཟིགས་སྐོར་བྱས་ཡོད་འདུག
ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གི་སྐུ་ཚབ་ཚོགས་པ་དེས་སུད་སིའི་ནང་གནས་སྡོད་བོད་མི་ཁ་ཤས་དང་སུད་སིའི་གསར་འགྱུར་བརྒྱུད་ལམ་ཁག་དང་། སུད་སི་གྲོས་ཚོགས་དང་གཞུང་གི་དཔོན་རིགས་དང་ཐུག་འཕྲད་བྱེད་རྒྱུ་ཡིན་འདུག

གསར་འགོད་པ་ལྕགས་མོ་འཚོ་དང་། གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་རྣམས་ནས་གོ་སྐབས་ནམ་བྱུང་ལ་བོད་དོན་དྲིལ་བསྒྲགས་གནང་གལ་ཆེ་བ་ཡིན་ཞེས། སྲིད་སྐྱོང་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གི་མི་མང་་ལ་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎