རྒྱལ་ས་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་རི་ལིའི་ལྕགས་ལམ་སྐོར།

བོད་ཀྱི་རྒྱལ་ས་ལྷ་ས་ནས་གཞིས་ཀ་རྩེ་བར་རི་ལིའི་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུའི་ལས་གཞི་དེ་ཕྱི་ལོ་ཉིས་སྟོང་བཅོ་ལྔ་ལོར་མཇུག་སྒྲིལ་རྒྱུ།

2011-02-16
Share

༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་གཞིས་ཀ་རྕེ་བར་རི་ལིའི་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུར་ཨ་སྒོར་ཐེར་འབུམ་གཉིས་ལྷག་གི་འགྲོ་གྲོན་བཏང་ནས་ལས་གཞི་དེ་ཕྱི་ལོ་ཉིས་སྟོང་བཅོ་ལྔ་ལོར་མཇུག་སྒྲིལ་རྒྱུ་ཡིན་པའི་སྐོར་རྒྱ་ནག་གཞུང་འབྲེལ་ཚགས་ཤོག་ཐོག་དེ་རིང་གནས་ཚུལ་སྤེལ་འདུག

ལྷ་ས་ནས་གཞིས་རྩེ་བར་རི་ལིའི་ལྕགས་ལམ་འཛུགས་སྐྲུན་ལས་གཞི་དེ་བཞིན་ན་ནིང་ཕྱི་ཟླ་དགུ་པའི་ནང་ནས་འགོ་བཙུགས་ཡོད་པ་དང་ལྕགས་ལམ་ལས་གཞི་དེ་མཇུག་སྒྲིལ་རྗེས་རི་ལི་བརྒྱུད་ནས་ས་གནས་དེའི་ནང་ལོ་རེར་དངོས་ཟོག་ཀྲོན་ས་ཡ་བརྒྱད་ལྷག་དབོར་འདྲེན་ཐུབ་རྒྱུ་ཡིན་ལུགས་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་ཡོད་ཀྱང་ ཡིན་ནའི་རི་ལིའི་ནང་འགྲུལ་བ་དབོར་འདྲེན་བྱེད་ཡས་ཀྱི་གྲངས་འབོར་གང་ཡང་བཏོན་མེད་པ་མ་ཟད་ རྒྱ་ནག་གཞུང་གིས་ན་ནིང་ཕྱི་ཟླ་བཅུ་གཅིག་པའི་ནང་བོད་ནང་གནམ་ཐང་གསར་པ་ཞིག་སྒོ་ཕྱེ་ནས་གནམ་ཐང་དེ་བརྒྱུད་ནས་བོད་ནང་ཡུལ་བསྐོར་སྤྲོ་འཆམ་པ་དབོར་འདྲེན་དང་དུས་མཚུངས་བོད་ནང་གི་རང་འབྱུང་གཏེར་དངོས་རྒྱ་ནག་ནང་དབོར་འདྲེན་བྱ་རྒྱུ་ཡིན་ལུགས་འཁོད་ཡོད་འདུག རྒྱ་ནག་གཞུང་གིས་ཐོག་མར་གར་མུ་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་རི་ལིའི་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་བཏོན་པའི་སྐབས་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ནང་རི་ལིའི་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་དེས་རྒྱ་མི་འཕོན་ཆེ་བོད་ནང་སླེབས་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་གནོད་ཚབས་ཆེན་པོ་ཡོང་རྒྱུ་མ་ཟད་བོད་ཀྱི་ཁོར་ཡུག་ལ་ཡང་གནོད་ཚབ་ཆེན་པོ་ཡོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་ནས་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་དང་ ལྷག་པར་དུ་བོད་ནང་གི་བོད་མི་ཚོས་བོད་ནང་རི་ལིའི་ལྕགས་ལམ་སོགས་འཛུགས་སྐྲུན་གྱི་ལས་གཞི་ཁག་སྤེལ་ནས་བོད་མིའི་འཚོ་བར་ཡར་རྒྱས་གཏོང་གི་ཡོད་ལུགས་རྒྱ་ནག་གཞུང་གིས་བརྗོད་ཀྱི་ཡོད་ན་ཡང་འཛུགས་སྐྲུན་ལས་གཞི་དེ་རིགས་ཀྱིས་བོད་ནང་རྒྱ་རིགས་ཚོར་ཕན་ཐོགས་ཡོད་པ་ལས་ས་གནས་བོད་མི་ཚོར་ཁེ་ཕན་གང་ཡང་ཡོང་གི་མེད་པ་གསུང་གི་ཡོད་པ་རེད་

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།