ཐེ་ཝན་ཨ་རིའི་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་ཞུཊ་འཆར་འདུག


2017.01.18
ཐེ་ཝན་གྱི་སྲིད་འཛིན་གསར་བ་ལྕམ་ཚའེ་ཡེ་ཝུན་Tsai Ing-wenགྱིས་དམ་འབུལ་མཛད་སྒོ། ༢༠༡༦།༥།༢༠ ཐེ་ཝན་གྱི་སྲིད་འཛིན་གསར་བ་ལྕམ་ཚའེ་ཡེ་ཝུན་Tsai Ing-wenགྱིས་དམ་འབུལ་མཛད་སྒོ། ༢༠༡༦།༥།༢༠
Xiaxiao Hua

རྒྱ་ནག་གིས་ཨ་རིའི་ཕྱོགས་ནས་ཐེ་ཝན་གྱི་སྐུ་ཚབ་ཚོགས་པ་ཨ་རིའི་སྲིད་འཛིན་གྱི་ལས་ཁུར་དམ་འབུལ་མཛད་སྒོར་ཞུགས་སུ་མི་འཇུག་པའི་སྐུལ་མ་བྱས་འདུག
དེ་ཡང་ཚེས་༡༨་ཉིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུང་ཡུན་ནས་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་འཆར་ཅན་གསར་འགོད་གསལ་བསྒྲགས་ཐོག ཟླ་འདིའི་ཚེས་༢༠་ཉིན་ཨ་རིའི་སྲིད་འཛིན་གསར་པའི་ལས་འཁུར་དམ་བཅའ་འབུལ་མཛད་སྒོའི་སྟེང་། ཐེ་ཝན་གྱི་སྐུ་ཚབ་མཉམ་ཞུགས་བྱེད་དུ་མི་འཇུག་པའི་སྐུལ་མ་བྱས་ཡོད་པ་རེད།
ཡིན་ནའང་རྒྱལ་སྤྱིའི་གསར་ལམ་ཁག་གཅིག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱི་སྲིད་བློན་ཟུར་བ་ཡིག་ཞིས་ཁུང་ནས་སྣེ་ཁྲིད་པའི་ཐེ་ཝན་སྐུ་ཚབ་ཚོགས་པ་ཚེས་༡༦་ཉིན་ལམ་ལ་ཆས་ཏེ། ཐེ་ཝན་གྱི་སྲིད་འཛིན་ཚེ་ཡུན་ཝིན་གྱི་ཚབ་བྱས་ནས་ཨ་རིའི་རྒྱལ་ས་ཝ་ཞིན་ཌོན་ནང་ཕེབས་ཡོད་པ་དང་། སྐུ་ཚབ་ཚོགས་པ་དེ་ཨ་རིའི་ནང་ཉིན་བརྒྱད་རིང་འདུག་པའི་རིང་། སྲིད་འཛིན་ལས་འཁུར་དམ་འབུལ་མཛད་སྒོར་ཞུགས་རྒྱུ་ལས་གཞན་གྲོས་ཚོགས་འཐུས་མི་དང་ཐུག་འཕྲད་དང་། བློ་འདོན་མི་སྣ་དང་གླེང་མོལ་སོགས་ཀྱི་ལས་རིམ་ཡོད་པ་དང་། ཐེ་ཝན་ཕྱི་འབྲེལ་ལས་ཁུངས་ནས་བརྗོད་ན། ཐེ་ཝན་སྲིད་གཞུང་དང་མི་དམངས་ནས་ཕྱོགས་གཉིས་ཀྱི་མཛའ་བརྩེའི་འབྲེལ་ལམ་ལེགས་པོ་ཡོད་པའི་རྨང་གཞིར་གཙིགས་འཛིན་བྱེད་པའི་དུས་མཚུངས་སུ། ན་ནིང་ལོར་ཨ་རིའི་ཕྱོགས་ནས་མི་སྣ་མངག་སྟེ་སྲིད་འཛིན་ཚེ་ཡུན་ཝིན་གྱི་དམ་འབུལ་མཛད་སྒོར་རྟེན་འབྲེལ་ཞུས་བར་བཟང་ལན་ཆེད་དུ་ད་ཐེངས་ཐེ་ཝན་སྲིད་གཞུང་གིས་ཐེ་ཝན་དམངས་གཙོ་ཚོགས་པ་དང་གོ་མིན་ཏང་ཚོགས་པ་གཉིས་ཀའི་འཐུས་མི་ཡོད་པའི་མི་སྣས་གྲུབ་པའི་སྐུ་ཚབ་ཚོགས་དེ་ཨ་རིའི་སྲིད་འཛིན་གྱི་ལས་འཁུར་དམ་བཅའི་མཛད་སྒོར་མངགས་གཏོང་བྱས་བ་བརྗོད་འདུག

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་༢༠༠་ཙམ་ལ་མཇལ་ཁ་སྩལ་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎