རྒྱ་གཞུང་གིས་བོད་ནང་༸གོང་ས་མཆོག་གི་གསུང་མི་ཐོས་པ་བཟོ་རྒྱུ།


2013.11.02
རྒྱ་གཞུང་གིས་བོད་ནང་༸གོང་ས་མཆོག་གི་གསུང་མི་ཐོས་པ་བཟོ་རྒྱུ། བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ ཁྲེན་ ཆོན་ཀུའོ།
རྒྱ་གཞུང་གི་དྲ་གནས།

༄༅༎དེ་ཡང་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ ཁྲེན་ ཆོན་ཀུའོ་ཡིས་ ཤུགས་རྐྱེན་ལྡན་པའི་ཏང་གི་ ཆིའུ་ཧྲི་ ཞེས་པའི་དུས་དེབ་ནང་། བོད་ནང་རྒྱ་ནག་གཞུང་གི་སྒྲ་སྐད་ཁོ་ན་ལས་གཞན་མི་ཐོས་པ་བཟོ་རྒྱུ་ཡིན་ལུགས་ཀྱི་རྩོམ་བྲིས་ཤིག་སྤེལ་འདུག། ཁྲེན་ ཆོན་ཀུའོ་ཡིས་ ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་ས་ཡ་༡༢༠ ཙམ་ཡོད་པའི་ས་ཁུལ་ཁྱོན་ཡོངས་ཀྱི་ནང་ཏང་གི་དྲིལ་བསྒྲགས་ཡོངས་སུ་ཐོས་པ་དང་མཐོང་བ་བཟོ་རྒྱུ་ཡིན་ཞེས་དང་། ཕྱི་ཕྱོགས་ནས་འཁོན་འཛིན་ཅན་དང་ཏཱ་ལའི་རུ་ཚོགས་སོགས་ཀྱི་སྐད་རྩ་བ་ནས་མ་གོ་བ་དང་མ་མཐོང་བ་བཟོ་རྒྱུ་ཡིན་ཞེས་བརྗོད་འདུག།
རྒྱ་ནག་གཞུང་གིས་བོད་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་པར་ཐོག་དམ་དྲག་བྱེད་བཞིན་པ་དང་། ལོ་ངོ་བཅུ་ཕྲག་མང་པོའི་རིང་ཕྱི་ཕྱོགས་ཀྱི་གནས་ཚུལ་བོད་ནང་མ་གོ་བ་མ་མཐོང་བའི་འབད་བརྩོན་ཤུགས་ཆེ་བྱེད་བཞིན་ཡོད་ན་ཡང་ད་བར་ལམ་ལྷོངས་བྱུང་མེད་པ་རེད།
ཁྲེན་ ཆོན་ཀུའོ་ཡིས་ སླར་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྲག་སྤྱོད་ཀྱི་ལམ་ནས་བོད་རང་བཙན་འགྲུབ་ཐབས་གནང་མཁན་”ལུག་པགས་གྱོན་པའི་སྤྱང་ཀི་”ཞེས་མཚན་སྨད་ཤུགས་ཆེ་ཞུས་འདུག།  འོན་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གཞུང་གིས་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་མི་གནས་ཡུལ་བོད་ཀྱི་ས་ཁྱོན་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་དགོས་པ་བཀའ་གནང་པ་ལས་བོད་རང་བཙན་རྩ་བ་ནས་རྩོད་གནང་གི་མེད་པ་ལན་མང་བཀའ་གནང་ཡོད་པ་རེད།།
བོད་ནང་ཕྱི་ཕྱོགས་ཀྱི་གནས་ཚུལ་རྩ་བ་ནས་མི་གོ་བ་བཟོ་ཐབས་སུ་ཁྲིམས་འགལ་གྱི་ཐོག་ནས་བླངས་པའི་མི་བཟོས་སྲུང་སྐར་གྱི་ལྡེར་མ་གཞུང་བཞེས་བྱ་རྒྱུ་དང་། དྲ་རྒྱའི་ཐོག་གི་རྟོག་ཞིབ་ནན་དུ་གཏང་རྒྱུ། ཁ་པར་དང་དྲ་རྒྱ་ལོངས་སུ་སྤྱོད་མཁན་ཚོས་དོ་བདག་གི་མིང་ངོ་མའི་ཐོག་ནས་དེབ་སྐྱེལ་བྱེད་དགོས་པ་བཟོ་རྒྱུ་ཡིན་ལུགས་བརྗོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎