རྒྱ་ནག་གཞུང་གིས་ཟླ་གཅིག་རིང་དྲྭ་རྒྱའི་བརྒྱུད་ལམ་དུ་དམ་དྲག་བྱེད་རྒྱུ་ཡིན་པ་བསྒྲགས་འདུག

2023.01.19
Share on WhatsApp
Share on WhatsApp
རྒྱ་ནག་གཞུང་གིས་ཟླ་གཅིག་རིང་དྲྭ་རྒྱའི་བརྒྱུད་ལམ་དུ་དམ་དྲག་བྱེད་རྒྱུ་ཡིན་པ་བསྒྲགས་འདུག པེ་ཅིང་གི་མི་དམངས་ཚོགས་ཁང་ཉེ་འགྲམ་གྱི་ཉེན་རྟོག་པ། ༡༢།༠༦།༢༠༢༢
AFP

དེ་ཡང་(THE GUARDIAN)་ཞེས་པའི་དབྱིན་ཇིའི་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གི་ངྲྭ་རྒྱ་དོ་དམ་ལྟ་ཞིབ་ལས་ཁང་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་དང་འབྲེལ་བའི་འཆལ་གཏམ་ཁྱབ་སྤེལ་གྱིས་མི་རྣམས་ལ་འཇིགས་སྣང་དང་སྐྱོ་སྣང་གི་རྣམ་པ་བསྐྲུན་རྒྱུ་འགོག་ཐབས་ཆེད། དཔྱིད་གསར་དུས་ཆེན་རིང་དྲ་རྒྱའི་ཐོག་ལྟ་ཞིབ་ལས་དོན་སྤེལ་འགོ་ཚུགས་ཡོད་པའི་སྐོར་ཕྱིར་བསྒྲགས་བྱས་ཡོད་འདུག དུས་མཚུངས་བདེ་ཐང་སྔོན་དཔག་ཚོང་གཉེར་ཁང་(Airfinity)་ཟེར་བས་ཚོད་དཔག་བྱས་པ་ལྟར་ན། ན་ནིང་ཕྱི་ཟླ་བཅུ་གཉིས་པའི་ནང་རྒྱ་ནག་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་དམ་དྲག་བཀག་རྒྱའི་སྲིད་ཇུས་ཕྱིར་འཐེན་བྱས་པའི་རྗེས་། རྒྱ་ནག་ནང་ཕལ་ཆེར་མི་གྲངས་འབུམ་དྲུག་ལྷག་ཙམ་རྐྱེན་འདས་སུ་ཕྱིན་ཡོད་པའི་ཚོད་དཔག་བྱས་ཡོད་ཅིང་། འདི་ནི་རྒྱ་ནག་གཞུང་ཕྱོགས་ཀྱི་མི་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་ལས་ལྡབ་བཅུ་ཙམ་གྱིས་མང་བ་ཡིན་པ་རེད།
དྲ་རྒྱ་སོགས་བརྒྱུད་ནས་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་འཆལ་གཏམ་གྱི་གནས་ཚུལ་རིགས་ཁྱབ་སྤེལ་བྱེད་པར་དམ་དྲག་བཀག་སྡོམ་གྱི་ལས་འགུལ་འདི། ཟླ་བ་གཅིག་ཙམ་རིང་སྤེལ་རྒྱུ་ཡིན་པ་དང་། དེའི་ནང་སྲིད་གཞུང་གིས་ངོས་འཛིན་བྱེད་པའི་ཏོག་དབྱིབས་རིམས་ནད་ཕོག་མཁན་དང་དེ་བཞིན་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་གནས་ཚུལ་ཁྱབ་སྤེལ་བྱེད་པ་ཚང་མ་ཚུད་ཀྱི་ཡོད་པ་རེད། ལྷག་པར་དུ་དྲ་རྒྱའི་ཐོག་ནད་པའི་གཟུགས་གཞི་བརྟག་དཔྱད་ཀྱི་གནས་ཚུལ་རྫུན་བཟོ་དང་། རིམས་ནད་བཅོས་ཐབས་ཀྱི་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་མཁན་ཚོར་རྡུང་རྡེག་གཏོང་རྒྱུ་ཡིན་པ་དང་། དེ་ནི་མང་ཚོགས་ལ་མགོ་སྐོར་བསླུ་བྲིད་བྱས་ནས་སྤྱི་ཚོགས་ནང་ཟིང་ཟིང་གི་གནས་ཚུལ་བཟོ་མཁན་འགོག་ཐབས་ཆེད་ཡིན་ལུགས་རྒྱ་ནག་གི་དྲ་རྒྱ་དོ་དམ་ལྷན་ཁང་གིས་ཕྱིར་བསྒྲགས་བྱས་ཡོད་འདུག
དེང་སྐབས་རྒྱ་ནག་ནང་སྤྱི་ཚོགས་དྲ་རྒྱའི་ཐོག་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པའི་སྐོར་དང་། དེ་བཞིན་སྨན་དང་སྨན་བཅོས་འཚོལ་ཞིབ། རིམས་ནད་ཀྱིས་རྐྱེན་པས་སྤུན་མཆེད་དང་ཁྱིམ་ཚང་གི་མི་རབས་རྒན་གྲས་རྐྱེན་འདས་སུ་ཕྱིན་པའི་སྒེར་གྱི་གནས་ཚུལ་མཉམ་སྤྱོད་བྱེད་མཁན་མང་པོ་ཡོད་པ་དང་། མི་སྒེར་ལ་བྱུང་བའི་གནས་ཚུལ་དེ་རིགས་མང་པོ་ཞིག་རྒྱ་ནག་གཞུང་གིས་འཛིན་པའི་ཏོག་དབྱིབས་རིམས་ནད་སྟངས་འཛིན་འགོག་ཐབས་ཀྱི་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་འཐུས་ཚང་སྤེལ་མ་ཐུབ་པར་བརྟེན་ནས་བྱུང་བ་གསལ་པོ་མཐོང་རྒྱུ་ཡོད་པར་བརྟེན། དྲ་རྒྱའི་ཐོག་སྲིད་གཞུང་ལ་རྣམ་པ་འདྲ་མིན་གྱིས་སྐྱོན་བརྗོད་བྱེད་མཁན་ཡང་མང་པོ་ཡོད་པ་རེད།


གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱི་མངའ་སྡེའི་དཔོན་རིགས་ཚོར་བོད་མིའི་དཀའ་ངལ་སྐོར་སྙན་སེང་ཞུས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་གྱི་(Oxford Union)་གླེང་སྟེགས་ཐོག་བོད་དོན་གཏམ་བཤད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎