དབྱིན་ཡུལ་གྱི་གཙུག་ལག་སློབ་གཉེར་ཁང་ཁག་ཅིག་ལ་རྒྱ་ནག་གཞུང་གིས་རོགས་དངུལ་ཕོན་ཆེན་སྤྲོད་བཞིན་པ་ཤེས་རྟོགས་བྱུང་འདུག

2025.01.29
དབྱིན་ཡུལ་གྱི་གཙུག་ལག་སློབ་གཉེར་ཁང་ཁག་ཅིག་ལ་རྒྱ་ནག་གཞུང་གིས་རོགས་དངུལ་ཕོན་ཆེན་སྤྲོད་བཞིན་པ་ཤེས་རྟོགས་བྱུང་འདུག མཚོན་དོན་སྒྲིག་བཟོ་པར་རིས།
སྒྲིག་བཟོ།

དེ་ཡང་དབྱིན་ཇིའི་(The Independent)་ཞེས་པའི་གསར་ལམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཡུལ་གྱི་སྙན་གྲགས་ཆེ་བའི་གཙུག་ལག་སློབ་གྲྭ་ཆེན་མོ་(Oxford)་དང་། (Cambridge)་གཉིས་ཀྱི་གཙོས་གཙུག་ལག་སློབ་གཉེར་ཁང་མང་པོ་ཞིག་ལ་འདས་པའི་ལོ་བཞིའི་ནང་རྒྱ་ནག་གི་འབྲེལ་ཡོད་ཚན་པ་འདྲ་མིན་བརྒྱུད་རོགས་དངུལ་ཕོན་ཆེན་ཞིག་སྤྲོད་ལེན་བྱས་ཡོད་ལུགས་ཉམས་ཞིབ་སྙན་ཐོ་བཏོན་འདུག
སྙན་ཐོའི་ནང་དཔེ་མཚོན་དྲངས་བའི་ནང་། འཛམ་གླིང་ནང་སྙན་གྲགས་ཆེ་བའི་(Oxford University)གཙུག་ལག་སློབ་ཆེན་གྱིས་ཕྱི་ལོ་༢༠༢༠ ནས་ཕྱི་ལོ་༢༠༢༤ བར་དབྱིན་ཇིའི་དངུལ་ལོར་ས་ཡ་༢༤ རྒྱ་ནག་གི་འབྲེལ་ཡོད་ཚན་པ་བརྒྱུད་རོགས་དངུལ་བླངས་ཡོད་པ་དང་། དེ་བཞིན་(Cambridge)་གཙུག་ལག་སློབ་གཉེར་ཁང་གིས་འདས་པའི་ལོ་བཞིའི་ནང་དབྱིན་ཇིའི་དངུལ་ལོར་ས་ཡ་ ༡༧ ནས་ས་ཡ་༡༩ ཙམ་གྱི་རོགས་དངུལ་བླངས་ཡོད་འདུག དམིགས་བསལ་(Cambridge)གཙུག་ལག་སློབ་གཉེར་ཁང་ལ་རོགས་དངུལ་གཙོ་བོ་རྒྱ་ནག་གི་རྩོད་གཞི་ཅན་གྱི་(Huawei)་ཚོང་དོན་ཁེ་ལས་ཚན་པས་སྤྲད་ཡོད་འདུག
ཡང་གོང་ཞུས་གནས་ཚུལ་ནང་། དབྱིན་ཡུལ་གྱི་(Conservative)་འམ་རྙིང་ཞེན་ཅན་གྱི་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ཟུར་པ་དང་རྒྱ་ནག་ལས་དོན་ཚན་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་(Iain Duncan Smith)་ལགས་ཀྱིས་(Independent)་གསར་ལས་ཁང་ལ། དབྱིན་ཡུལ་ནང་གི་གཙུག་ལག་སློབ་གཉེར་ཁང་ཚོ་རྒྱ་ནག་གིས་རོགས་དངུལ་ལ་ཤུགས་ཆེན་པོ་བརྟེན་དགོས་པ་དེས་རང་བཞིན་གྱི་རང་དབང་གི་ཐོག་ནས་བསམ་བློ་གཏོང་རྒྱུར་འགོག་རྐྱེན་དང་། དེས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་ལ་བགྲོ་གླེང་བྱེད་རྒྱུའི་ཐད་ལའང་རང་བཞིན་གྱི་དོ་ཕོག་ཐེབས་ཀྱི་ཡོད་པ་ནི་སྨོས་མེད་རེད་ལ། འདི་ནི་ཆེད་དུ་མངགས་ནས་བཟོས་པའི་གནད་དོན་ཞིག་རེད། དེའི་རྒྱུ་མཚན་ནི་དབྱིན་ཡུལ་དང་ཨ་རི་གཉིས་ཀྱི་འབྲེལ་བ་ཡག་པོ་ཡོད་པའི་ཆ་ནས་རྒྱ་ནག་གིས་ཚོར་བ་རྣོ་བའི་གལ་འགངས་ཆེ་བའི་གནས་ཚུལ་རིགས་དབྱིན་ཡུལ་གྱི་ས་ནས་མཁོ་སྒྲུབ་ཡོང་ཐབས་བྱེད་པ་ཞིག་ཡིན་པ་དང་། གཙུག་ལག་སློབ་གཉེར་ཁང་དེ་དག་བརྒྱུད་ནས་ཁེ་ཕན་དང་དམིགས་ཡུལ་འགྲུབ་ཐབས་བྱེད་བཞིན་ཡོད་རེད་ཅེས་གསུངས་འདུག གང་ལྟར་ཉམས་ཞིབ་བྱས་པ་བརྒྱུད་དབྱིན་ཡུལ་གྱི་གཙུག་ལག་སློབ་གཉེར་ཁང་གྲགས་ཅན་དེ་དག་ལ་རྒྱ་ནག་གི་ཚན་པ་འདྲ་མིན་བརྒྱུད་རོགས་དངུལ་ཕོན་ཆེ་ཞིག་ཐོབ་ཀྱི་ཡོད་པ་དེས་དབྱིན་ཡུལ་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་ཆགས་ཀྱི་ཡོད་པ་དང་། རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་རེད་འདུག།


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་གིས་རྒྱུན་གྲོན་མ་དངུལ་མཚམས་འཇོག་བྱས་རྐྱེན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་མང་ཆེ་བ་གནས་སྐབས་ཕོགས་མེད་ལས་མཚམས་འཇོག་དགོས་བྱུང་ཡོད།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎