རྒྱ་ནག་གི་དོམ་ཁྲ་གཉིས་ཐའེ་ལྦན་དུ་འབྱོར་ཡོད་པའི་གནས་ཚུལ།

རྒྱ་ནག་དང་ཐའེ་ལྦན་དབར་གྱི་འབྲེལ་ལམ་བཟང་བའི་མཚོན་རྟགས་གསར་ཤོས་སུ་རྒྱ་ནག་ནས་དོམ་ཁྲ་གཉིས་ཐའེ་ལྦན་དུ་འབྱོར་ཡོད་པ་རེད།

2008.12.23

༄༅༎རྒྱ་ནག་དང་ཐའེ་ལྦན་དབར་གྱི་འབྲེལ་ལམ་མགྱོགས་ཚད་ཧ་ཅང་མྱུར་པོའི་ཐོག་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་དང་དེའི་མཚོན་རྟགས་གསར་ཤོས་སུ་རྒྱ་ནག་གཞུང་གིས་ཐའེ་ལྦན་ལ་ལག་རྟགས་སུ་གཡར་བའི་དོམ་ཁྲ་གཉིས་གཟའ་མིག་དམར་ཉིན་ཐའེ་ལྦན་དུ་འབྱོར་ཡོད་པ་རེད།

ཐའེན་ཐའེན་དང་ཡོའན་ཡོའན་ཞེས་མིང་བཏགས་པའི་དོམ་ཁྲ་དེ་གཉིས་དྲིན་ཐུ་ནས་ཐའེ་པེའི་གནམ་ཐང་དུ་འབྱོར་ཞིང་དོམ་ཁྲ་དེ་གཉིས་ཀྱི་མིང་གཅིག་ཏུ་བསྒྲིལ་སྟེ་ཐའེན་ཡོའན་ཞེས་པའི་མིང་ཚིགས་དེར་སླར་ཡང་ནང་མི་མཉམ་འཛོམས་ཞེས་པའི་གོ་དོན་ཡོད་པ་ཡིན་འདུག

གཟའ་མིག་དམར་ཉིན་དོམ་ཁྲ་མ་འབྱོར་གོང་གཟའ་འཁོར་སྔོན་མར་རྒྱ་ནག་དང་ཐའེ་ལྦན་དབར་མཁའ་འགྲུལ་དང་སྦྲག་ཟམ་དེ་བཞིན་མཚོ་ཐོག་འོར་འདྲེན་བཅས་ཀྱི་ཐད་ཀར་གྱི་ལས་གཞི་འགོ་བཙུགས་བྱས་ཡོད་པ་དང་དེ་རྗེས་རྒྱ་ནག་གུང་བྲན་ཏང་དང་ཐའེ་ལྦན་གཞུང་འཛིན་གོ་མིང་ཏང་གི་ཆེས་མཐོའི་ཚོགས་མིའི་དབར་གྱི་ལྷན་ཚོགས་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་ཚུགས་སྟེ་རྒྱ་ནག་གི་ཕྱོགས་ནས་ཐའེ་ལྦན་ལ་དཔལ་འབྱོར་གྱི་རོགས་རམ་བྱ་རྒྱུའི་ཁས་ལེན་ཡང་བྱས་ཡོད་པ་རེད།

ཟླ་བ་བདུན་གྱི་གོང་སྐུ་ཞབས་མཱ་ཡིང་ཇོ་ལ་ཐའེ་ལྦན་གྱི་སྲིད་འཛིན་དུ་འོས་འདེམས་བྱུང་བ་ནས་བཟུང་རྒྱ་ནག་སྐམ་ས་ཆེན་པོ་དང་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་དེ་ཐའེ་ལྦན་གྱི་སྲིད་གཞུང་འདིའི་ཆབ་སྲིད་ཀྱི་ལས་དོན་གཙོ་བོར་དམིགས་ཡོད་ཅིང་འདི་ནི་མཱ་ཡིང་ཇོའི་གོང་གི་ཐའེ་ལྦན་གྱི་སྲིད་འཛིན་གྲན་ཞུཡི་པན་གྱི་ཆབ་སྲིད་ལངས་ཕྱོགས་དང་རྩ་བ་ནས་མི་མཐུན་པ་ཞིག་ཡིན་པ་རེད། གྲན་ཞུཡི་པན་གྱིས་ཐའེ་ལྦན་ནི་ཆབ་སྲིད་དང་རིག་གཞུང་གང་གི་ཐད་ནས་རྒྱ་ནག་དང་ཐ་དད་བཟོ་ཐབས་ལ་འབད་བརྩོན་ཆེན་པོ་གནང་པ་དང་དེར་རྒྱ་ནག་གཞུང་གིས་མི་དགའ་བ་ཆེན་པོ་བྱས་སྟེ་ཐའེ་ལྦན་རང་བཙན་གསལ་བསྒྲགས་བྱས་ཚེ་ཐའེ་ལྦན་ཐོག་དྲག་རྒོལ་བྱ་རྒྱུའི་ཉེན་བརྡ་ལན་མང་བཏང་ཡོད་པ་རེད།

ཐའེ་ལྦན་དུ་འབྱོར་བའི་དོམ་ཁྲ་དེ་གཉིས་རྒྱ་མིའི་ལོ་གསར་སྐབས་མི་དམངས་ལ་བལྟ་ཐུབ་པ་བཟོ་རྒྱུ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎