བོད་གསེར་རྟ་རྫོང་དུ་བོད་མི་ཞི་རྒོལ་བ་དྲུག་དམར་བསད་བཏང་བ།

རྒྱ་མི་དྲག་ཆས་ཉེན་རྟོག་པས་བོད་མི་དྲུག་དམར་བསད་བཏང་བ་དང་བོད་མི་དྲུག་བཅུ་ལྷག་ཙམ་ལ་མེ་མདའི་རྨས་སྐྱོན་བཏང་ཡོད་པ་རེད།

2012.01.26

༄༅༎རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ཁོངས་སུ་ཡོད་པའི་བོད་ཀྱི་གསེར་རྟ་རྗོང་ཐོག་ཏུ་བོད་མི་ཞི་རྒོལ་བའི་ཁྲོད་རྒྱ་མི་དྲག་ཆས་ཉེན་རྟོག་པས་ མེ་མདའ་རྒྱབ་སྟེ་བོད་མི་དྲུག་དམར་བསད་བཏང་བ་དང་བོད་མི་དྲུག་བཅུ་ལྷག་ཙམ་ལ་མེ་མདའི་རྨས་སྐྱོན་བཏང་བ་དེ་ཡ་ང་སྙིང་རྗེ་མེད་པའི་ཀླ་ཀློའི་བྱ་ཐབས་ཡིན་པ་རེད་ཅེས་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་བཞག
ད་ཕན་གནས་ཚུལ་ཤེས་རྟོགས་བྱུང་བའི་ནང་རེས་གཟའ་མིག་མར་ཉིན་རྒྱ་མིའི་དྲག་ཆས་ཉེན་རྟོག་པས་གསེར་རྟ་རྗོང་ཐོག་ཏུ་བོད་མིའི་རྔམ་སྟོན་ཁྲོམ་སྐོར་བའི་སྟེང་གང་བྱུང་གིས་མེ་མདའ་རྒྱབ་ནས་ཉུང་ཐར་བོད་མི་གཉིས་རྐྱེན་ལམ་དུ་བཏང་ཡོད་པ་དང་ དེ་བཞིན་རེས་གཟའ་ཟླ་བའི་ཉིན་ཁམས་བྲག་མགོ་རུ་དེ་མཚུངས་རྒྱ་མིའི་ཉེན་རྟོག་པས་མེ་འཔེན་འོག་བོད་མི་གཉིས་དམར་བསད་བཏང་ཡོད་པ་རེད་ ཁ་ས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གི་མཆོག་གིས་ ད་ལྟ་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་པའི་ཛ་དྲག་གི་གནས་སྟངས་ལ་ རྒྱལ་སྤྱིའི་ཐོག་ནས་ཐེ་བྱུས་བྱ་དགོས་པའི་འབོད་སྐུལ་དང་ རྒྱ་ནག་གཞུང་གིས་འབྲི་རུ་དང་སེར་རྟ་རྗོང་བཅས་སུ་ དེ་ལྟ་བུའི་བསམ་ཡུལ་ལས་འདས་པའི་དྲག་གནོན་གྱི་བྱ་སྤྱོད་སྤེལ་བའི་སྲིད་ཇུས་ཀྱི་་རྐྱེན་པས་ ༢༠༠༨ནས་ཟུང་ བོད་མི་ཚོས་རྒྱ་ནག་གཞུང་ལ་འཁོན་འཛིན་དང་ཁོང་ཁྲོ་་ཇེ་ཆེར་འགྲོ་བཞིན་ཡོད་པའི་སྐོར་གསལ་འདོན་གནང་བཞག བཀའ་བློ་ཁྲི་པ་མཆོག་གིས་སྤྱི་བསྒྲགས་ནང་མུ་མཐུད་གསུང་པར་ རྒྱ་ནག་གི་འགོ་ཁྲིད་ཚོས་དངོས་ཡོད་བོད་མིའི་དཀའ་གནད་ལ་བསམ་གཞིགས་ཀྱིས་སེལ་ཐབས་མ་བྱས་བར་ དྲག་གནོན་དང་མི་གསོད་ཁྲག་སྦྱོར་གྱི་ལམ་ནས་བོད་ནང་བརྟན་ལྷིང་སྐྱར་གསོ་ཐུབ་རྒྱུ་མེད་པ་རེད་ བོད་ཀྱི་གནད་དོན་སེལ་རྒྱུའི་ཐབས་ལམ་བཟང་ཤོས་དང་ཆབས་ཅིག་རྒྱུན་གནས་ཐུབ་པའི་ཞི་བདེ་བསྐྲུན་ཐབས་ནི་ཞི་འགྲིག་དང་བོད་མི་ཚོའི་གཞི་རྩའི་ཐོབ་ཐང་ལ་བརྩི་བཀུར་ཞུ་རྒྱུ་དེ་ཡིན་པའི་སྐོར་ནན་བརྗོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཐེ་ཝན་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་མཛད་སྒོར་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་མཉམ་ཞུགས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎