རྒྱ་ནག་གི་ས་ཁང་ཚོར་གཉེར་ལས་ཁང་དང་མཁའ་ལམ་འགྲུལ་བསྐྱེལ་ལས་ཁང་ཆེ་ཁག་ལ་ལོ་ཕྱེད་ཀྱི་གྱོང་གུད་དེ་ཧ་ཅང་གི་ཆེན་པོ་ཕོགས་ཡོད་པ།

2024.08.31
རྒྱ་ནག་གི་ས་ཁང་ཚོར་གཉེར་ལས་ཁང་དང་མཁའ་ལམ་འགྲུལ་བསྐྱེལ་ལས་ཁང་ཆེ་ཁག་ལ་ལོ་ཕྱེད་ཀྱི་གྱོང་གུད་དེ་ཧ་ཅང་གི་ཆེན་པོ་ཕོགས་ཡོད་པ།
Reuters

རྒྱ་ནག་གི་ས་ཁང་ཚོར་གཉེར་ལས་ཁང་དང་མཁའ་ལམ་འགྲུལ་བསྐྱེལ་ལས་ཁང་ཆེ་ཁག་ལ་ལོ་ཕྱེད་ཀྱི་གྱོང་གུད་དེ་ཧ་ཅང་གི་ཆེན་པོ་ཕོགས་ཡོད་པ་རེད་ དེ་ཡང་གོང་ཞུས་ཀྱི་Vanke ཞེས་པའི་ས་ཁང་ཚོང་གཉེར་ལས་ཁང་དེའི་ལོ་འདིའི་ཕྱི་ཟླ་དྲུག་པའི་ཚེས་ ༣༠ བར་གྱི་རྩིས་མཚམས་ནང་གྱོང་གུད་(ཨ་སྒོར་ཐེར་འབུམ་༡དང་ཚགས་༤)རྒྱ་ནག་མི་མང་ཤོག་དངུལ་ཐེར་འབུམ་བཅུ་མན་ཙམ་རག་ཡོད་པ་རེས་གཟའ་པ་སངས་ཉིན་ཧོང་ཀོང་གི་མ་ཤེར་ཚོང་རའི་ནང་ཐོ་བཀོད་བྱས་ཡོད་པ་རེད་འདུག གོང་ཞུས་ཀྱི་ཐོ་བཀོད་དེའི་ནང་རྒྱ་ནག་གི་ས་ཁང་ཚོང་གཉེར་ལས་ཁང་དེས་བརྗོད་པར། ཁང་ཚོང་གི་ཚོང་དེ་སླར་གསོ་ཆེད་མང་ཚོགས་ནང་ཁང་པ་ཉོ་རྒྱུའི་གདེང་ཚོད་སླེབས་རྒྱུར་དུས་འགོར་ཡོང་སྲིད་ཅེས་བརྗོད་ཡོད་པ་རེད་འདུག ཡིན་ནའང་རྒྱ་ནག་གི་ས་ཁང་ཚོང་གཉེར་ལས་ཁང་དེའི་ཕྱི་ལོ་ ༢༠༢༣ ལོའི་གོང་ཞུས་ཀྱི་རྩིས་མཚམས་དེ་རང་ལ་གཙང་ཁེ་རྒྱ་ནག་མི་མང་ཤོག་དངུལ་འཐེར་འབུམ་བཅུ་མན་ཙམ་བྱུང་ཡོད་པ་རེད་འདུག གོང་ཞུས་རྒྱ་ནག་གི་ས་ཁང་ཚོང་གཉེར་ལས་ཁང་ Vanke ཞེས་པ་དེ་རྒྱ་ནག་ལྷོ་ཕྱོགས་ Shenzhen གྲོང་ཁྱེར་གཞུང་གིས་བདག་་བ་ཞིག་དང་དུས་སྐབས་ཤིག་ལ་ཚོང་གཉེར་ལས་ཁང་དེར་མི་རྣམས་ཀྱིས་ཡིད་ཆེས་དང་གདེང་འཇོག་ཧ་ཅང་གི་ཆེན་པོ་བྱེད་ཡུལ་ཞིག་ཡིན་པ་རེད་འདུག
ཉེ་བའི་དུས་རྒྱ་ནག་ནང་ས་ཁང་ཚོང་གཉེར་ལས་དོན་ཐོག་དེ་སྔ་བྱུང་མྱོང་མེད་པའི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པ་དང་ཚོང་གཉེར་ལས་ཁང་ཁག་ཅིག་མ་རྩ་ལྡིབ་པའི་ཉེན་ཁར་ལྷུང་ཡོད་པ་མ་ཟད་ཡུལ་ནང་དཔལ་འབྱོར་ཉམས་རྒུད་འགྲོ་བའི་དབང་གིས་ཁང་པའི་རིན་གོང་མར་ཆག་པ་དང་མང་ཚོགས་ནང་ཁང་པའི་ཐོག་མ་འཛུགས་བྱེད་རྒྱུར་འགོག་རྐྱེན་དུ་གྱུར་ཡོད་པ་རེད་འདུག རྒྱལ་སྤྱིའི་ཐོག་ཚོང་གཉེར་ལས་ཁང་ཁག་ལ་དངུལ་བུན་སྤྲོད་འོས་མིན་ཐོག་ཞིབ་འཇུག་གནང་མཁན་གྱི་ཚན་པ་ Moody s ཞེས་པ་དེས་གོང་ཞུས་རྒྱ་ནག་གི་ས་ཁང་ཚོང་གཉེར་ལས་ཁང་དེར་དངུལ་བུན་སྤྲོད་པའི་ཚད་གཞི་དེ་ B1 ཞེས་གནས་བབ་གཅིག་གིས་མར་གཅོག་བྱ་གནང་བ་དེས་ས་ཁང་ཚོང་གཉེར་ལས་ཁང་དེར་དངུལ་སྤྲོད་པ་ཡིན་ན་ཉེན་ཁ་ཧ་ཅང་གི་ཆེན་པོ་ཡིན་པའི་སྐོར་བརྗོད་ཡོད་པ་རེད་འདུག
ཡང་གནས་ཚུལ་གཞན་ཞིག་ལ་འདས་པའི་ཟླ་ངོ་དྲུག་གི་རིང་རྒྱ་ནག་གཞུང་གིས་གཉེར་བའི་མཁའ་ལམ་འགྲུལ་བསྐྱེལ་ལས་ཁང་ཆེ་ཁག་ལ་གྱོང་གུན་ཕོགས་ཡོད་པ་རེད་འདུག
རྒྱ་ནག་ནང་རྒྱལ་སྤྱིའི་འགྲུལ་བཞུད་བྱེད་མཁན་དེ་སྔོན་གྱི་རེ་བ་ལྟར་མ་བྱུང་བ་དང་རྒྱལ་ཁབ་ནང་མཁའ་ལམ་འགྲུལ་བསྐྱེལ་གནམ་གྲུ་མང་བ་དང་འགྲན་བསྡུར་ཡང་ཧ་ཅང་གི་ཆེ་བའི་དབང་གིས་འདས་པའི་ཟླ་ངོ་དྲུག་གི་རིང་གཞུང་གིས་གཉེར་བའི་མཁའ་ལམ་འགྲུལ་བསྐྱེལ་ལས་ཁང་ཆེ་ཁག་ལ་གྱོང་གུད་ཕོགས་ཡོད་པ་རེད་འདུག དེ་ཡང་རྒྱ་ནག་གཞུང་གིས་གཉེར་བའི་ Air China ཞེས་པའི་མཁའ་འགྲུལ་ལས་ཁང་གཙོ་བོ་དེར་འདས་པའི་ཟླ་ངོ་དྲུག་གི་ནང་གྱོང་གུད་རྒྱ་ནག་མི་མང་ཤོག་དངུལ་འཐེར་འབུམ་གཉིས་དང་ས་ཡ་བདུན་རྒྱ་བརྒྱད་བཅུ་བྱུང་བ་དེ་ནི་འདས་པའི་ལོ་དེར་གྱོང་གུད་མི་མང་ཤོག་སྒོར་འཐེར་འབུམ་གསུམ་དང་ཕྱེད་ཀ་མན་ཙམ་བྱུང་བ་དེ་ལས་ཉུང་བ་ཡིན་པ་རེད་འདུག དེ་བཞིན་རྒྱ་ནག་གི་ China Southern Airlines ཞེས་པ་དེར་འདས་པའི་ཟླ་ངོ་དྲུག་གི་ནང་གྱོང་གུན་རྒྱ་ནག་མི་མང་ཤོག་སྒོར་ཐེར་འབུམ་གཅིག་དང་ས་ཡ་ཉི་རྒྱ་གསུམ་བཅུ་བྱུང་བ་དེ་འདས་པའི་ལོ་དེར་གྱོང་གུད་མི་མང་ཤོག་སྒོར་ཐེར་འབུམ་གསུམ་མན་ཙམ་བྱུང་བ་ལས་ཉུང་བ་ཡིན་པ་རེད་འདུག གཟའ་སྤེན་པ་ཉིན་བཏོན་པའི་རྒྱ་ནག་གཞུང་འབྲེལ་རྩིས་ཁྲ་ལྟར་ན་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཨང་གཉིས་པ་བརྩི་བཞིན་པའི་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་སྔོན་གྱི་དཔལ་འབྱོར་གནས་བབས་ད་དུང་སླར་གསོ་ཐུབ་མེད་པ་དང་དཀའ་ངལ་དེ་ལས་ཐར་ཐབས་ལ་གདོང་ལེན་བྱེད་ཡུལ་མང་པོ་ཞིག་ཡོད་པ་དང་གཞུང་གིས་ཐབས་ཤེས་བྱེད་ཀྱང་རྒྱ་ནག་ནང་ས་ཁང་ཉོ་ཚོང་གི་ཐོག་ཚབས་ཆེན་གྱི་དཀའ་ངལ་ནང་ཚུད་ཡོད་པ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་འདུག།


གསར་འགོད་པ། ལྷུན་འགྲུབ་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གི་མི་སེར་གཉིས་ཀྱིས་ཞི་བའི་ལས་འགུལ་ལ་བར་ཆད་བཟོས་རྗེས་ཐེ་ཝན་ནས་ཕྱིར་ཕུད་བཏང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གི་དམ་དྲག་ཡོད་རྐྱེན་རྒྱ་གར་བ་ཚོས་ཐད་འཕུར་གནམ་གྲུ་བརྒྱུད་བར་སྣང་ནས་གངས་རིན་པོ་ཆེར་མཇལ་ཐབས་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎