ནད་ཡམས་ཁྱབ་གདལ་ཆེ་བའི་དུས་འདིར་སེམས་ཚབས་ཁོ་ན་བྱས་ནས་བསྡད་ན་ཕན་ཐོགས་གང་ཡང་མེད། ༧གོང་ས་མཆོག་གིས།


2020-07-29
Share
ནད་ཡམས་ཁྱབ་གདལ་ཆེ་བའི་དུས་འདིར་སེམས་ཚབས་ཁོ་ན་བྱས་ནས་བསྡད་ན་ཕན་ཐོགས་གང་ཡང་མེད། ༧གོང་ས་མཆོག་གིས། ང་ཚོས་ངེས་པར་དུ་མཉམ་རུབ་ཀྱིས་ཐོག་ནས་ནད་ཡམས་དེར་གདོང་ལེན་བྱ་དགོས་གལ་ཆེ་བའི་བཀའ་ཕེབས་ཡོད་པ་རེད།
དགའ་ལྡན་ཕོ་བྲང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ། རྒྱ་གར་ནང་རྟེན་གཞི་བྱས་པའི་ཤེས་ཡོན་གྱི་ལྟེ་གནས་ཁང་ཁག་ཅིག་ནས་“བྱམས་བརྩེ་ནི་ད་ལྟའི་འཇིག་རྟེན་གྱི་དཀའ་རྙོག་དེ་སེལ་བའི་ཐབས་ལམ་ཡིན་”ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པ་བཞིན། ཕྱི་ཟླ་༧ཚེས་༢༩་ཉིན་གྱི་སྔ་དྲོ་། བཞུགས་སྒར་རྡ་རམ་སཱ་ལའི་རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་དྲ་ལམ་བརྒྱུད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་བའི་སྐབས། ནད་ཡམས་ཁྱབ་གདལ་ཆེ་བའི་དུས་འདིར་སེམས་ཚབས་ཁོ་ན་བྱས་ནས་བསྡད་ན་ཕན་ཐོགས་གང་ཡང་མེད་པར་ངེས་པར་དུ་ཚང་མ་མཉམ་རུབ་དང་། ཤེས་རབ་ཀྱི་ལམ་ནས་ནད་ཡམས་དེར་གདོང་ལེན་བྱ་རྒྱུ་གལ་ཆེ་ཞིང་། རྒྱ་གར་གྱི་གནའ་བོའི་བསྟན་བཅོས་ཁག་ནང་ལུང་བསྟན་བྱས་པ་བཞིན། དྲག་སྤྱོད་དང་། དམག་འཁྲུག དེ་བཞིན་ནད་ཡམས་སོགས་ཀྱི་རྐྱེན་གྱིས། ནམ་ཞིག་ང་ཚོའི་འཛམ་གླིང་འདི་རྩ་མེད་དུ་འགྲོ་རྒྱུ་ཡིན་པ་གསལ་སྟོན་བྱས་པར་ལྟར། ད་ལྟའི་ནད་ཡམས་དེ་ཡང་སྔོན་བརྡ་ལྟ་བུ་ཞིག་ཡིན་སྲིད་པ་རེད། དེར་བརྟེན། འཚམས་རེ་ང་ཚོར་གཡོལ་ཐབས་མེད་པའི་དཀའ་ངལ་ལ་འཕྲད་པའི་སྐབས་སེམས་སྡུག་ཁོ་ན་བྱས་ནས་བསྡད་ན་ཕན་ཐོག་གང་ཡང་མེད། དེ་ལས་ལྡོག་སྟེ་རང་ཉིད་ད་ལྟ་འཚོ་བའི་རིང་འདིར། ངེས་པར་དུ་རྒྱབ་མདུན་ངོ་ལྐོག་མེད་པར་དྲང་བདེན་བྱ་དགོས་གལ་ཆེ་ཞིང་། ལྷག་པར་དུ་འབྱུང་འགྱུར་མི་རབས་གསར་པ་ཚོའི་ཆེད་དུ་ང་ཚོས་བདེ་སྐྱིད་ལྡན་པའི་འགྲོ་བ་་མིའི་སྤྱི་ཚོགས་ཤིག་སྐྲུན་དགོས་ཅེས་བཀའ་གནང་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།