རྒྱ་ནག་གི་ནང་པ་ཚོར་ཤེས་རབ་སྙིང་པོ་དང་རྡོ་རྗེ་གཅོད་པའི་གསུང་ཆོས་གནང་འདུག


2018-01-22
Share
ཚང་མས་བྱམས་བརྩེ་ཉམས་ལེན་བྱེད་གལ་ཆེ་བ། ཆོས་དད་ཡོད་མེད་ལ་མ་བལྟོས་བར་ཚང་མས་བྱམས་བརྩེ་ཉམས་ལེན་བྱེད་གལ་ཆེ་བ་ཡིན་སྐོར་བཀའ་སློབ་སྩལ་བ།
དགའ་ལྡན་ཕོ་བྲང༌།

ཆོས་དད་ཡོད་མེད་ལ་མ་བལྟོས་བར་ཚང་མས་བྱམས་བརྩེ་ཉམས་ལེན་བྱེད་གལ་ཆེ་བ་རྡོ་རྗེ་གདན་ནས་༧གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་གསུངས་འདུག
དེ་ཡང་རྒྱ་ནག་སྐམ་ས་ཆེན་པོ་ནས་བཅར་བའི་རྒྱ་རིགས་དད་ལྡན་པ་རྣམས་ཀྱིས་༧གོང་ས་མཆོག་ལ་གསོལ་འདེབས་ཞུས་དོན་བཞིན་སྤྱི་ནོར་༧གོང་ས་མཆོག་གིས་ཕྱི་ཚེས་༢༢་ཉིན་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་ཐང་ཆེན་དུ། རྒྱ་རིགས་གཙོ་བོར་གྱུར་བའི་ཆོས་ཞུ་བ་ཁྲི་ཚོ་འགའ་ཤས་ལ་ཤེས་རབ་སྙིང་པོ་་དང་རྡོ་རྗེ་གཅོད་པའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་བསྩལ་སྐབས།  ༧གོང་ས་མཆོག་གིས་བོད་ལ་ནང་ཆོས་མ་དར་གོང་ནས་རྒྱ་ནག་ནང་ནང་ཆོས་དར་ཡོད་ཀྱང་རིག་གནས་གསར་བརྗེ་སྐབས་ཆོས་ལུགས་མེད་པར་བཟོ་བའི་དྲག་གནོན་བྱུང་བའི་རྐྱེན་གྱིས་རྒྱ་ནག་ནང་ནང་ཆོས་ཉམས་ཆགས་ཕྱིན་ཡོད་པ་དང་།  ད་ལྟའི་སྐབས་སངས་རྒྱས་ཆོས་ལུགས་བསྐྱར་གསོ་བྱུང་བཞིན་ཡོད་པ་གསུངས་ཡོད་པ་རེད།
ཡང་༧གོང་ས་མཆོག་གིས། འཛམ་གླིང་སྟེང་ཆོས་ལུགས་འདྲ་མིན་མང་པོ་ཞིག་ཡོད་པ་ཚང་མས་བཟང་པོའི་བསླབ་བྱ་གསུང་གི་ཡོད་ཅིང་། གང་ཉིད་ཀྱིས་ནང་པའི་ཆོས་འདི་ཡག་ཤོས་ཡིན་ཞེས་ནམ་ཡང་གསུང་གི་མེད། ཆོས་ཡག་ཉེས་དེ་གང་ཟག་རེ་རེའི་བློ་དང་མོས་པ། ཁམས་ལ་རན་པ་ཞིག་དགོས་པ་དང་། ལྷག་པར་ཏུ་སོ་སོའི་ཕ་མྱེས་ནས་བརྒྱུད་པའི་ཆོས་དེ་བདག་གཅེས་དང་ཉམས་ལེན་བྱེད་རྒྱུ་གལ་ཆེན་ཡིན་ཞེས་གསུངས་ཡོད་པ་རེད།
ཡང་༧གོང་ས་མཆོག་གིས་ཆོས་ཉམས་ལེན་བྱེད་པར་གསོལ་བ་སྨོན་ལམ་འདེབས་པ་ཙམ་མ་ཡིན་པར་ཆོས་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེ་ཡིན་པའི་བཀའ་སློབ་ཕེབས་ཡོད་པ་རེད།

གསར་འགོད་པ་པ་སངས་ཚེ་རིང་། ཕབ་བཤུས་རྡོ་རྗེ་མཚོ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།