བྲག་གཡབ་རིན་པོ་ཆེ་མཆོག་ནས་དོལ་རྒྱལ་སྐོར་གསུངས་བ།


2014.12.30
བྲག་གཡབ་རིན་པོ་ཆེ་མཆོག་ནས་དོལ་རྒྱལ་བསྟེན་གསོལ་སྐོར་གསུངས་བ། བྲག་གཡབ་རིན་པོ་ཆེ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འབུལ་བཞིན་པ།
༸དཔལ་ལྡན་སྐུ་སྒེར་དྲ་གནས།

༄༅༎ཕྱི་ཟླ་༡༢ པའི་ཚེས་༢༧ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆགས་པའི་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་བྲག་གཡབ་སྐྱབས་མགོན་བློ་ལྡན་ཤེས་རབ་རིན་པོ་ཆེས་དབུ་ཁྲིད་དེ་བྲག་གཡབ་མི་དམངས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་ལམ་ཞུས་གྲུབ་མཚམས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པས་བྲག་གཡབ་སྐྱབས་མགོན་མཆོག་ལ་བཅར་འདྲི་ཁག་ཅིག་ཞུས་པའི་ནང་ནས་དོལ་རྒྱལ་བསྟེན་གསོལ་སྐོར་ལ་འགྲེལ་བརྗོད་གནང་བའི་ནང། བྲག་གཡག་ནང་དོལ་རྒྱལ་བསྟེན་གསོལ་བྱུང་ནས་ལོ་བཞི་བཅུ་ཡས་མས་ཤིག་རེད་མ་གཏོགས། མི་རབས་ནས་མི་རབས་ལ་ཡོད་པའི་རྣམ་གཞག་ཅིག་མ་རེད།དེ་འདྲ་ཡིན་དུས་ང་ཚོ་ཚང་མས་མ་འོངས་པའི་མདུན་ལམ་ཐོག་ལ་བསམ་ཤེས་བྱེད་དགོས།་ལྷག་པར་དུ་བྲག་གཡབ་ནང་སྤྱི་ཚོགས་བདེ་འཇགས་ཐོག་ལ་ཚང་མས་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད། དེ་རིང་ཁ་ས་དོལ་རྒྱལ་བསྟེན་གསོལ་བྱས་པ་དེས་རྒྱལ་བ་ཡིད་བཞིན་ནོར་བུར་མཚན་སྨད་ཞུ་རྒྱུའི་གནས་སྟངས་ཤིག་ཡོང་བཞིན་ཡོད་པ་དེ་།་ང་ཚོ་བོད་མི་ཚོའི་སྙིང་ལ་དུག་གི་མདའ་མོ་ཕོག་པ་ལྟར་མི་བདེ་བ་དང་ན་ཟུག་ཆེན་པོ་བཏང་པ་དེ་འདྲ་ཡོང་དུས། རྒྱལ་བ་རིན་ཆེན་པོ་ཆེ་ནི།་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བླ་ན་མེད་པར་གཙུག་ཏུ་བཀུར་བའི་ང་ཚོའི་མགོན་གཅིག་དང། སྐྱབས་གཅིག་དེ་འདྲ་རེད། གནས་ཚུལ་ཛ་མ་ཚོས་པར་གང་བྱུང་ཤོད་སྐབས་བདེ་འཇགས་ལ་གནོད་ཀྱི་ཡོད་པ་དེ་འདྲ་ཡིན་དུས། དེ་ཚོར་ཕྲན་བུའི་ལམ་ནོར་ཟློག་ཤེས་ཀྱི་ཐོག་ནས་མ་འོངས་པར་ལྷིང་འཇགས་དང་བདེ་འཇགས་ཡོང་རྒྱུའི་ཆ་རྐྱེན་གཅིག་བསྐྲུན་ཐུབ་པའི་རེ་བ་དེ་འདྲ་ཞིག་ཡོད། ཁ་བྲལ་ཟེར་བ་དེ་ང་ཚོར་མི་དགོས་པ་ཞིག་རེད། དོལ་རྒྱལ་བསྟེན་གསོལ་བྱེད་པའི་རྣམ་གཞག་དེས་ང་ཚོ་བོད་མི་ནང་ཁུལ་ཁ་བྲལ་གཏོང་གི་ཡོད།་ང་ཚོར་དགོས་རྒྱུ་འདི་ཆིག་སྒྲིལ་ཡིན།་ཆིག་སྒྲིལ་འདི་རྒྱལ་བ་ཡིད་བཞིན་ནོར་བུས་ལམ་ནོར་ཟློག་ཤེས་དང་། སྤྱི་དང་བྱེ་བྲག་གི་བཀའ་སློབ་ལམ་སྟོན་གཟབ་ཅིང་རྒྱ་ཆེ་བ་དེ་འདྲ་ཞིག་གནང་བ་དེ་།བདུད་རྩི་མཉམ་བསྟེན་བྱས་ན།་ང་ཚོར་ཆིག་སྒྲིལ་ཡོང་རྒྱུར་འགལ་ཟླ་དང་འགོག་རྐྱེན་གང་ཡང་ཡོང་གི་མེད་ཅེས་གསུངས་བཞག།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
འཇར་མན་གྱི་མི་སེར་བོད་དོན་ལས་འགུལ་བ་ཞིག་ཧོང་ཀོང་གནམ་ཐང་ནས་ཆུ་ཚོད་བཅུ་གསུམ་རིང་འདྲི་རྩད་བྱས་རྗེས་ཕྱིར་སློག་བཏང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་མི་ནེ་སོ་ཊ་མངའ་སྡེའི་ནང་བོད་རིགས་ལ་དམིགས་པའི་སློབ་གྲྭ་ཞིག་གསར་འཛུགས་ཀྱི་ཆོག་མཆན་ཐོབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎