༧གོང་ས་མཆོག་གི་མཛད་པ་སྙིང་བསྡུས་བརྒྱ་ཐམ་པ་ཞེས་པའི་ཕྱག་དེབ་པར་བསྐྲུན་གནང་འདུག

2022.08.17
Share on WhatsApp
Share on WhatsApp
༧གོང་ས་མཆོག་གི་མཛད་པ་སྙིང་བསྡུས་བརྒྱ་ཐམ་པ་ཞེས་པའི་ཕྱག་དེབ་པར་བསྐྲུན་གནང་འདུག ༧གོང་ས་མཆོག་གི་མཛད་པ་སྙིང་བསྡུས་བརྒྱ་ཐམ་པ་ཞེས་པའི་ཕྱག་དེབ།
དྲ་བཤུས་དང་སྒྲིག་བཟོ། /penguin.co.in

དེ་ཡང་རྒྱ་གར་བ་(Arthy Muthanna Singh)་དང་(Mamta Nainy)་གཉིས་ཀྱིས་(His Holiness the Dalai Lama in 100 Anecdotes)་ཞེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་ཆེའི་མཛད་འཕྲིན་ལས་སྙིང་བསྡུས་བརྒྱ་ཐམ་པ་འདེམས་སྒྲུག་ཞུས་པའི་མཛད་རྣམ་ཕྱག་དེབ་ཞིག་འདོན་སྤེལ་གནང་འདུག་པ་དེར། རྒྱ་གར་གྱི་གསར་འགོད་པ་(Chintan Girish Mod)་ཞུ་བས། དཔེ་དེབ་བསྐྱར་ཞིབ་གནང་པའི་ནང་དོན་སྙིང་བསྡུས་ཀྱི་གནས་ཚུལ་ཞིག་བཀོད་སྤེལ་གནང་འདུག་པའི་ནང་། རྒྱ་གར་བ་རྩོམ་བྲིས་མཁན་(Arthy Singh)་དང་(Mamta Nainy)་གཉིས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་༡༩༣༥ལོར་སྟག་འཚེར་ཡུལ་དུ་སྐུ་འཁྲུངས་ཞིང་། སྐུ་ན་ཆུང་དུས་ནས་༧གོང་ས་མཆོག་ལ་ཁྱད་དུ་འཕགས་པའི་ཁྱད་ཆོས་ལྡན་པ་དང་། རིམ་བཞིན་ཏཱ་ལའི་བླ་མའི་ཡང་སྲིད་དུ་ངོས་འཛིན་བྱུང་ནས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱལ་སྲིད་ཆོས་སྲིད་ཀྱི་འགན་བཞེས་གནང་མཛད་པ། དེ་ནས་རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱས་པའི་རྗེས་མཐར་༡༩༥༩ལོར་༧གོང་ས་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཕེབས་དགོས་པའི་གནས་སྟངས་དང་ལོ་རྒྱུས་སོགས་བྱུང་བ་ཁག་ཅིག་དཔེ་དེབ་དེའི་ནང་འདྲ་པར་དང་བཅས་ཧ་ཅང་བལྟ་བདེ་བ་དང་ཀློག་བདེ་བ་ཞིག་ཡོད་པ་གསུངས་འདུག
ལྷག་པར་དུ་ཕྱག་དེབ་དེའི་ནང་། ༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་པའི་རྗེས་སུ། དམངས་གཙོའི་ལམ་སྲོལ་ལྡན་པའི་བཙན་བྱོལ་བོད་གཞུང་གསར་འཛུགས་གནང་ནས། བོད་མིའི་སྤྱི་ཚོགས་ཀྱི་བདེ་སྡུག་ལ་གཟིགས་སྐྱོང་དང་། ཡང་སྒོས་སུ་འཛམ་གླིང་སྤྱི་ལ་ཕན་པའི་ཆོས་ལུགས་མཐུན་འབྲེལ་དང་། འགྲོ་བ་མིའི་ཐོབ་ཐང་གོང་འཕེལ། ཁོར་ཡུག་སྲུང་སྐྱོབ། ཡ་རབས་བཟང་སྤྱོད་ཀྱི་བསླབ་བྱ་སོགས་རླབས་ཆེན་གྱི་མཛད་འཕྲིན་ལ་བརྟེན་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་གཙོས་རྒྱལ་སྤྱིའི་ཐོག་ཆེ་བསྟོད་ཀྱི་གཟེངས་རྟགས་དང་ཕྱག་འཁྱེར་ཧ་ཅང་མང་པོ་འབུལ་བཞེས་མཛད་པ་ཁག་ངོ་སྤྲོད་གནང་ཡོད་འདུག་པ་དང་། ༧གོང་ས་མཆོག་སྐུ་ཉིད་ནས་ཀྱང་རྒྱ་གར་གཞུང་དམངས་གཉིས་ཀྱི་བཀའ་དྲིན་ལ་དུས་རྟག་ཏུ་རྗེས་སུ་ཡིད་རངས་དང་བཀའ་དྲིན་རྗེས་དྲན་ཇི་ལྟར་གནང་བཞིན་ཡོད་པ་སོགས་དཔེ་དེབ་འདིའི་ནང་གསལ་པོར་བཀོད་ཡོད་འདུག
གོང་གསལ་༧གོང་ས་མཆོག་གི་མཛད་འཕྲིན་སྐོར་གྱི་ཕྱག་དེབ་དེ་བཞིན་གྲགས་ཆེ་བ་(Penguin Random)་པར་སྐྲུན་ཁང་ནས་འདོན་སྤེལ་ཞུས་འདུག

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་སྲིད་བྱུས་ལ་འགྱུར་བ་མ་བཏང་ན་ཞི་ཅིན་ཕིང་ལ་ལོ་རྒྱུས་ཀྱི་ནག་ཉེས་ཕོག་སྲིད། སྲིད་སྐྱོང་མཆོག་གིས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎