སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག

2025.02.03
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག ༢༠༢༥།༡།༩
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལོ་འདིའི་ཕྱི་ཟླ་དང་པོའི་ཚེས་ལྔ་ཉིན་རྒྱ་གར་ལྷོ་ཕྱོགས་བྷེ་ལ་ཀོ་པིའི་བོད་མིའི་གཞིས་ཆགས་སུ་ཞབས་སོར་འཁོད་དེ་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་བཞུགས་བཞག་མཛད་ཡོད་པ་དང་། མཛད་འཆར་གཞིར་བཟུང་ལྟར་ན། ཟླ་བ་འདིའི་ཚེས་༥་ཉིན་སེ་ར་བྱེས་སྨད་གཉིས་ནས་༧གོང་ས་མཆོག་ལ་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་འདེགས་འབུལ་ཞུ་རྒྱུ་དང་། དེ་ནས་ཚེས་༡༥་ཉིན་གདན་ས་བཀྲ་ཤིས་ལྷུན་པོ་དགོན་པ་དང་། ཡང་ཚེས་༡༧ཉིན་བྷེ་ལ་ཀོ་པིའི་ཉེ་འཁྲིས་སུ་ཆགས་པའི་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་རྒྱུད་སྨད་གྲྭ་ཚང་བཅས་ནས་རིམ་པས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་ཁག་ཅིག་ཡོད་པ་དང་། འདི་ཚེས་༡༨ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྡི་ལིར་ཆིབས་བསྒྱུར་དང་དེ་ནས་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
རྩ་བའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༢༠༢༥ ཕྱི་ཟླ་དང་པོའི་ཚེས་ལྔ་ཉིན་ལྷོ་ཕྱོགས་སུ་ཞབས་སོར་འཁོད་གནང་ཡོད་པ་དང་། ཚེས་༨ ནས་བཟུང་འདས་པའི་བདུན་ཕྲག་གསུམ་ལྷག་ཙམ་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དང་། ཀོ་ལི་གྷལ་དོན་ལྡན་གླིང་། ཧོན་སུར་རབ་རྒྱས་གླིང་། བྷེ་ལ་ཀོ་པིའི་ལུགས་བསམ་དང་བདེ་སྐྱིད་སླར་གསོ་བཅས་པའི་ནང་གནས་སྡོད་སེར་སྐྱ་ཕོ་མོ་ལོ་ན་དྲུག་ཅུ་ཡན་ཆད་དང་། དབང་པོ་སྐྱོན་ཅན། ནད་པ་བཅས་པ་མི་གྲངས་༤༥༠༠ ལྷག་ཙམ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་། རྒྱ་གར་བ། ཕྱི་རྒྱལ་ནས་ཆེད་བཅར་ཞུས་པའི་མི་མང་། ས་གནས་ཀྱི་འབྲེལ་ཡོད་དཔོན་རིགས་སོགས་ལ་མཇལ་ཁ་བསྩལ་གནང་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ལོ་འདིའི་ཕྱི་ཟླ་བདུན་པའི་ཚེས་དྲུག་ནས་བཟུང་ལོ་འཁོར་གཅིག་རིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༩༠ ཐམ་པར་ཕེབས་ཀྱི་ཡོད་པའི་སྐུའི་གོ་སྟོན་གྱི་མཛད་སྒོ་ཙམ་མ་ཡིན་པར་ལོ་འཁོར་མོ་རིང་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་གནང་བ་དང་། ཆབས་ཅིག་གོ་སྟོན་གོ་སྒྲིགས་ཚོགས་ཆུང་ཡང་བཙུགས་གནང་ཡོད་པ་རེད།།


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཀར་ཎ་ཀྲ་ཀ་མངའ་སྡེའི་རྫོང་ཁག་གི་བློན་ཆེན་ལ་རྒྱ་གར་དབུས་སའི་གཞུང་ནས་བོད་མིར་རྒྱབ་སྐྱོར་མཐུན་གྲོགས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎