དཀའ་རྙོག་ཆེ་བའི་དུས་སུ་བདེ་སྐྱིད་འཚོལ་བ་༧གོང་ས་མཆོག་དང་ཆོས་དཔོན་ཊུ་ཊུ་གཉིས་དང་འབྲེལ་བའི་གློག་བརྙན།

2021-05-13
Share
དཀའ་རྙོག་ཆེ་བའི་དུས་སུ་བདེ་སྐྱིད་འཚོལ་བ་༧གོང་ས་མཆོག་དང་ཆོས་དཔོན་ཊུ་ཊུ་གཉིས་དང་འབྲེལ་བའི་གློག་བརྙན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཡི་ཤུའི་ཆོས་དཔོན་ཌེསྀ་མོནཌ་ཊུ་ཊུ་(Desmond Tutu)མཆོག 4/23/2015
OHHDL

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་ཆོས་དཔོན་ཊུ་ཊུ་གཉིས་ཀྱི་མཛའ་འབྲེལ་དང་འབྲེལ་དཀའ་རྙོག་ཆེ་བའི་དུས་འདིར་བདེ་སྐྱིད་འཚོལ་བ་ཞེས་བའི་གློག་བརྙན་གསར་བསྐྲུན་གནང་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཉེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྷོ་ཨ་ཧྥི་རི་ཀའི་ཡི་ཤུའི་ཆོས་དཔོན་ཌེསྀ་མོནཌ་ཊུ་ཊུ་(Desmond Tutu)མཆོག་གི་ཐུགས་མཛའ་གྲོགས་ཀྱི་འབྲེལ་ལམ་ལ་གཞི་བཅོལ་ནས་དངོས་བྱུང་གློག་བརྙན་རིང་ཐུང་སྐར་མ་༩༠་ཅན། དམིགས་ཡུལ། བདེ་སྐྱིད། དཀའ་རྙོག་ཆེ་བའི་དུས་འདིར་བདེ་སྐྱིད་འཚོལ་བ། (MISSION: JOY - FINDING HAPPINESS IN TROUBLED TIMES)་ཞེས་པ་ཞིག་གསར་བསྐྲུན་གནང་འདུག་ཅིང་། གློག་བརྙན་དེ་གཙོ་བོ་ཕྱི་ལོ་༢༠༡༥་ལོར་ཨརཆ་སྦི་ཤོབ་ཊུ་ཊུ་མཆོག་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་སྐབས། དབུ་ཁྲིད་རྣམ་གཉིས་ཀྱི་མཚན་ཐོག་ནས་ལྗགས་རྩོམ་མཛད་པའི་བདེ་སྐྱིད་ཀྱི་དཔེ་དེབ་ཞེས་པའི་ཕྱག་དེབ་ཐོག་བགྲོ་གླེང་མཛད་སྐབས་ཀྱི་མཇལ་མོལ་དང་། དེ་བཞིན་བོད་ཕྲུག་ཁྱིམ་སྡེར་༧སྐུའི་འཁྲུངས་སྐར་སྔ་ནུར་གྱི་མཛད་སྒོ་གནང་པ་སོགས་ཀྱི་གནས་སྐབས་གཞི་ལ་བཞག་པའི་གློག་བརྙན་ཞིག་ཡིན་འདུག
གློག་བརྙན་བཟོ་བསྐྲུན་པ་(Academy)་བྱ་དགའ་ཐོབ་མཁན་རྒྱལ་སྤྱིའི་གློག་བརྙན་ཇུས་བཀོད་པ་གྲགས་ཅན་ལུ་ཡི་སཡི་ཧོ་ཡོསི་(Louie Psihoyos)་ལགས་ཀྱིས་བཟོ་བསྐྲུན་གནང་བ་ཞིག་ཡིན་པ་དང་། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། གློག་བརྙན་དེ་ཕྱི་ཟླ་ ༦་ནང་ཨ་རིའི་གློག་བརྙན་དུས་སྟོན་ཆེ་ཤོས་(Tribeca)་ཐོག་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག་ཅིང་། འཆར་གཞི་ལྟར་ན་གློག་བརྙན་དེ་དབྱིན་སྐད་དང་བོད་སྐད་སོགས་སྐད་ཡིག་མི་འདྲ་བ་༤༠་ཙམ་གྱི་ནང་བསྒྱུར་རྒྱུ་ཡིན་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།