༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་བདུན་ཅུ་ལྷག་རིང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་ཀྱི་མཛད་པ་དང་འབྲེལ་བའི་བཀའ་རྩོམ་གྱི་ཕྱག་དེབ་གསར་པ་ཞིག་འདོན་སྤེལ་གནང་གི་ཡོད་འདུག

2025.01.23
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་བདུན་ཅུ་ལྷག་རིང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་ཀྱི་མཛད་པ་དང་འབྲེལ་བའི་བཀའ་རྩོམ་གྱི་ཕྱག་དེབ་གསར་པ་ཞིག་འདོན་སྤེལ་གནང་གི་ཡོད་འདུག
སྒྲིག་བཟོ། ནོར་སྡེ་སྒྲོལ་མ། བསྟན་འཛིན་པདྨ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་ (Voice for the Voiceless) མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས་ཀྱི་ཆེད་ལོ་ངོ་བཅུ་ཕྲག་བདུན་ལྷག་རིང་གི་རྒྱ་ནག་དང་འཐབ་རྩོད་ཅེས་པ་འདོན་སྤེལ་གནང་རྒྱུ་ཡིན་འདུག་ཅིང་། ཕྱག་དེབ་འདི་ནི་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་ངོས་ནས་བོད་མི་དམངས་ཀྱི་བདེ་དོན་སླད་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གཞུང་དང་དཔོན་རིགས་རིམ་པར་འབྲེལ་གཏུག་གནང་པའི་སྐོར་གྱི་ཕྱག་དེབ་དམིགས་བསལ་བ་ཞིག་ཡིན་པ་རེད།

HHDL-VoiceFortheVoiceless.jpg
ཕྱག་དེབ་འདི་ནི་རྒྱལ་སྤྱིའི་ས་བབས་འཐབ་བྱུས་ཀྱི་ནང་དོན་ལྡན་པའི་དཔེ་དེབ་དཔར་བསྐྲུན་ཁང་ཨ་རིའི་ནང་ William Morrow དང་དབྱིན་ཡུལ་ནང་ HarperNonFiction དཔེ་བསྐྲུན་ཁང་གིས་ཕྱི་ཟླ་ ༣ ཚེས་ ༡༡ ཉིན་འདོན་སྤེལ་ཞུ་གི་ཡོད་འདུག ཕྱོགས་མཚུངས་ཨའོསི་ཊརེ་ལི་ཡ་དང་། ཁེ་ན་ཌ། འཇར་མ་ནི། ཨི་ཊ་ལི། ཧྥ་རན་སི། ཧོ་ལེནཌི། སྦརཱ་ཛིལ་བཅས་སུ་འདོན་སྤེལ་བྱེད་འཆར་འདུག་ལ། རྒྱ་ཡིག་ནང་ལ་ཡང་འདོན་འཆར་འདུག

Untitled design.jpg
ཕྱག་དེབ་འདིའི་རྩོམ་སྒྲིག་པ་༧སྐུའི་དབྱིན་ཇིའི་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས། ཕྱག་དེབ་འདི་ཕལ་ཆེར་རྒྱ་ནག་ནང་དུ་བཀག་སྡོམ་བྱེད་སྲིད་པ་ཡིན་ཡང་རྒྱ་རིགས་ཀློག་པ་པོར་གོ་རྟོགས་སྤེལ་ཐུབ་པའི་རེ་བ་དང་བཅས་རྒྱ་ཡིག་ནང་ཕབ་བསྒྱུར་ཞུས་ཡོད་པའི་སྐོར་ནིའུ་ཡོག་དུས་བབ་གསར་ཁང་ལ་བརྗོད་འདུག
དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་མུ་མཐུད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་བཞེད་དང་མཛད་པའི་འཕེལ་རིམ་གྱི་དཔང་རྟགས་རྣམས་མ་འོངས་ལྟ་བཤེར་བྱ་ཡུལ་གྱི་དེབ་ཐེར་ནང་འཇོག་དགོས་པ་གལ་ཆེར་གཟིགས་ཡོད་སྐོར་གསུངས་འདུག་ལ། འདི་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་དང་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་སུ་ད་བར་ཐབས་ཤེས་ཇི་གནང་དང་། བཙན་བྱོལ་ནང་བོད་མིའི་དཔལ་ཡོན་བསྐྱར་གསོ་ཇི་གནང་བཅས་པ་ཡོངས་སུ་ཕྱག་དེབ་གཅིག་གི་ནང་འགོད་གནང་མཛད་དེ་གསལ་སྟོན་གནང་རྒྱུའི་དགོངས་བཞེས་གནང་པ་རེད་ཅེས་གསུངས་འདུག།

གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བསྟན་འཛིན་པདྨ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎