༧གོང་ས་མཆོག་གིས་ཁོར་ཡུག་འགན་ལེན་བྱ་རྒྱུ་སྐོར་བཀའ་གནང་བ།

༧གོང་ས་མཆོག་གིས་ཁོར་ཡུག་བདག་གཉེར་བྱ་རྒྱུ་དེ་རང་ཉིད་ཀྱི་་ཁྱིམ་བདག་གཉེར་བྱེད་པ་དང་འདྲ་བ་བཀའ་གནང་འདུག

2008-04-21
Share

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆོན་པོ་མཆོག་གེས་འཛམ་གླིང་གི་ཁོར་ཡུག་ཐོག་འགན་ལེན་བྱ་རྒྱུ་དེ་ནང་ཆོས་ནང་མི་ལུས་ལ་རྩ་ཆེར་འཛིན་པ་དེ་དང་འདྲ་མཚུངས་ཆཊ་ཀྱི་ཡོད་པ་དང་མི་གཅིག་ཡིན་ནའང་འདྲ་འཛམ་གླིང་གི་མི་འབོར་ཆ་ཚང་རྩིས་ནའང་འགྲིག་གི་ཡོད་སྐོར་བཀའ་གནང་འདུག

ཁོར་ཡུག་ཐོག་འགན་ལེན་བྱ་རྒྱུ་དེ་ནང་ཆོས་ནང་མི་ལུས་ལ་རྩ་ཆེར་འཛིན་པ་དེ་དང་འདྲ་བ་ཡིན།

༧གོང་ས་མཆོག

དེ་ཡང་རེ་གཟའ་ཉི་མའི་ཉིན་༧གོང་ས་མཆོག་གིས་ཨ་རིའི་ མིཤི་གྷན་ མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་གི་ཚོཊ་ཁང་ཞིག་ནང་

མི་མང་༧༠༠༠་བརྒལ་བའི་བར་འཛམ་གླིང་གི་སའི་གོ་ལ་འདི་དང་ཁོར་ཡུག་ཐོག་བདག་གཉེར་བྱ་རྒྱུ་དེ་རང་ཉིད་ཀྱི་་ཁྱིམ་བདག་གཉེར་བྱེད་པ་འདྲ་མཚུངས་ཆགས་ཀྱི་ཡོད་པ་རེད་ཅེས་དང་། སའི་གོ་ལ་འདི་ང་ཚོའི་ནང་ཁྱིམ་གཅིག་ཤོས་དེ་རེད་ཅེས་བཀའ་གནང་འདུག ༧གོང་ས་མཆོག་གིས་འཛམ་གླིང་ནང་ཁོར་ཡུག་ཐོག་འགན་བཞེས་རྒྱུ་དེ་ཚན་རིག་པ་དང་ཁོར་ཡུག་ཐོག་མཁས་པ་རྣམས་དང་མཇལ་མོལ་བྱུང་བ་ནས་བྱུང་སྐོར་བཀའ་གནང་འདུག

༧གོང་ས་མཆོག་གི་བཀའ་སློབ་གསུང་བཤད་གནང་ཡུལ་ཕྱི་ཕྱོཊ་སུ་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་རྒྱ་མི་བརྒྱ་ཕྲག་འགའ་ཤས་ཀྱིས་ལག་ལ་རྒྱ་མིའི་དར་ཆ་ཐོག་ནས་པེ་ཅིང་གི་ཨོ་ལིམ་པིཀ་ལ་རྒྱབ་སྐྱོར་དགོས་ཞེས་དང་གནམ་ཐོག་ནས་གནམ་གྲུ་ཆུང་ངུ་ཞིག་ཐོག་ཏ་ལའི་བླ་མས་ཨོ་ལིམ་པིཀ་དཔལ་འབར་ལ་འགོག་རྒོལ་གནང་རྒྱུ་དེ་མཚམས་འཇོག་དགོས་ཞེས་བརྗོད་ཚིག་འཁོད་པ་ཞིག་འཕུར་ཡོད་པ་རེད། དེ་བཞིན་བོད་དོན་རྒྱབ་སྐྱོར་གནང་མཁན་དང་རྒྱ་ནག་ལ་རྒྱབ་སྐྱོར་གནང་མཁན་བར་ཁ་རྩོད་བྱུང་ནས་རྒྱ་མི་ཚོས་རྒྱ་ནག་གཅིག་ཅེས་པའི་འབོད་ཚིག་དེར་བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས་ཀྱིས་བོད་དེ་སྒོ་ཕྱེ་དགོས། བོད་ནང་གནས་ཚུལ་ག་རེ་ཡོང་གི་ཡོང་མེད་ང་ཚོ་ལྟ་འདོད་ཡོད་ཅེས་འབོད་ཚིག་བསྒྲགས་ཡོད་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།