བོད་མིའི་མངོན་འདོད་དྲིལ་བསྒྲགས།

ཨོ་སེ་ཀྲོ་ལི་ཡིའི་ནང་གནས་སྡོད་བོད་མི་ཁག་ཅིག་གིས་བོད་ཕྱི་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་ཞལ་ཆེམས་གང་བཞག་ཡོད་པ་དེ་མི་མང་གིས་མཁྱེན་རྟོགས་དང་བརྒྱུད་བསྒྲགས་གནང་འདུག

2012.12.27

༄༅།    །དེ་ཡང་ཕྱི་ཚེས་༢༦ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་པའི་ཐོག་ནས་འགོ་འཛུགས་ཀྱིས། ཨོ་སེ་ཀྲོ་ལི་ཡིའི་ནང་གནས་བཞུགས་བོད་མི་མདའ་བཞིའི་ཕུན་ཚོགས་དང་།    བསྟན་འཛིན་ཆོས་རྒྱལ། འབྲུ་རི་བློ་བཟང་གསུམ་གྱིས་སྣེ་ཁྲིད་འོག་བོད་མི་སྐོར་ཞིག་གིས་མཉམ་རུབ་ཐོག བོད་བསྟན་སྲིད་མི་རིགས་ཆེད་རང་ལུས་མེར་བསྲེགས་གནང་མཁན་བོད་ཕྱི་ནང་གཉིས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ཞལ་ཆེམས་དང་རེ་འདུན། བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཨིན་ཡིག་དང་རྒྱ་ཡིག་ནང་བཀོད་པའི་ཡིག་ཆ་གང་མང་ཨོ་སི་ཀྲོ་ལེ་ཡའི་ས་གནས་མན་ལེ་དང་། སེ་ཌི་ནེ་གྲོང་ཁྱེར། དེའི་ཉེ་འཁྲིས་སུ་ཡོད་པའི་སྐད་གྲགས་ཆེ་བའི་ལྷ་མོའི་ཚོགས་ཁང་གི་མདུན་བཅས་ཀྱི་མི་མང་ཁྲོད་བརྒྱུད་བསྒྲགས་དང་འགྲེམས་སྤེལ་བྱས་སྐོར་བོད་ཀྱི་དུས་བབ་ཀྱིས་གནས་ཚུལ་སྤེལ་འདུག ལས་འགུལ་འདི་བདུན་ཕྲག་གཅིག་རིང་སྤེལ་རྒྱུ་ཡིན་པ་དང་། གཟའ་འཁོར་རྗེས་མའི་གཟའ་ལྷག་པའི་ཉིན་་སེ་ཌི་ནེ་མཉམ་འབྲེལ་རྒྱལ་ཚོགས་ཡན་ལག་ལས་ཁུངས་མདུན་དུ། ཉིན་གཅིག་ཟས་བཅད་ངོ་རྒོལ་དང་རྒྱལ་ཚོགས་ལ་ཞུ་སྙན་ཕུལ་ཏེ་ལས་འགུལ་མཇུག་བསྡུ་རྒྱུ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎