རྒྱ་གར་གཞུང་གི་བློན་ཆེན་ཟུར་པ་དང་རྒྱ་གར་གྱི་ Rashtriya Lok Dal སྲིད་དོན་ཚོགས་པའི་དབུ་ཁྲིད་སྐུ་ཞབས་Ajit Singh མཆོག་སྐུ་ཚེའི་འཕེན་པ་རྫོགས་པ།

2021-05-08
Share
རྒྱ་གར་གཞུང་གི་བློན་ཆེན་ཟུར་པ་དང་རྒྱ་གར་གྱི་ Rashtriya Lok Dal  སྲིད་དོན་ཚོགས་པའི་དབུ་ཁྲིད་སྐུ་ཞབས་Ajit Singh མཆོག་སྐུ་ཚེའི་འཕེན་པ་རྫོགས་པ། རྒྱ་གར་གཞུང་གི་བློན་ཆེན་ཟུར་པ་དང་རྒྱ་གར་གྱི་ Rashtriya Lok Dal སྲིད་དོན་ཚོགས་པའི་དབུ་ཁྲིད་སྐུ་ཞབས་Ajit Singh མཆོག་སྐུ་ཚེའི་འཕེན་པ་རྫོགས་པ།
བོད་མིའི་སྒྲིག་འཛུགས།

དེ་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཐུགས་གསོའི་ཕྱག་བྲིས་ཀྱི་ནང་Ajit Singhདམ་པ་ཁོང་ནས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གནང་སྟེ་སྔ་ཕྱིས་བར་གསུམ་དུ་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་གང་ཆེ་གནང་བར་རྗེས་དྲན་ཞུས་བཞིན། ཁོང་གི་ཁྱིམ་ཚང་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་ད་བར་རྒྱབ་སྐྱོར་རྒྱུན་ཆད་མེད་པར་གནང་བར་བོད་མི་ཚོས་བཀྲིན་རྗེས་དྲན་ཞུ་ཡི་ཡོད་པ་བཀོད་ཡོད་པ་རེད།

སྐུ་ཞབས་Ajit Singhདམ་པ་ཁོང་ནས་དེ་སྔ་སྲིད་བློན་Vajpayeeདམ་པ་ཁོང་གི་མནའ་འབྲེལ་སྲིད་གཞུང་ནང་བློན་ཆེན་གནང་ཡོད་པ་དང་

ཁོང་གི་ཡབ་Chaudhary Charan Singh མཆོག་ནས་རྒྱ་གར་གྱི་སྲིད་བློན་གནང་ཡོད་པ་རེད། སྤྱི་འཐུ་ཚོགས་གཞོན་མཆོག་གིས་སྲིད་བློན་ཟུར་པ་Chaudhary Charan Singh མཆོག་དང་དེའི་རྗེས། Ajit Singh མཆོག་ནས་ཕ་དམ་པའི་ལས་དོན་མཇུག་སྐྱོང་གིས་བོད་མིའི་རྩ་དོན་མདུན་བསྐྱོད་ཀྱི་ཐད་སློབ་སྟོན་གྱི་མཚོན་གང་ཅིའི་རོགས་སྐྱོར་གནང་ཡོད་པས་བཀྲིན་ཆེན་པོ་ཡིན་ཞེས་བཀོད་ཡོད་པ་རེད།

Rashtriya Lok Dal སྲིད་དོན་ཚོགས་པའི་དབུ་ཁྲིད་སྐུ་ཞབས་Ajit Singh མཆོག་ཕྱི་ཟླ་༤པའི་ཚེས་༢༠ཉིན་ཏོག་དབྱིབས་ནད་ཡམས་ཕོག་སྟེ་སྨན་བཏུགས་གནང་ཀྱང་དྲག་སྐྱེད་མ་བྱུང་བར་ཕྱི་ཟླ་༥པའི་ཚེས་༦རེས་གཟའ་ཕུར་བུའི་ཉིན་སྐུ་ཆེའི་འཕེན་པ་རྫོགས་ཡོད་པ་དང་།སྐབས་དེར་ཁོང་དགུང་གྲངས་༨༢་ལ་ཕེབས་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།