བཞུགས་སྒར་དུ་བོད་མི་ཚོས་ཟས་བཅད་སྨྱུང་གནས་གནང་བ།

བཞུགས་སྒར་རྡ་རམ་ས་ལའི་བཙན་བྱོལ་བོད་མི་ཚོས་ཟས་བཅད་སྨྱུང་གནས་དང་སྨོན་ལམ་གསོལ་འདེབས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡོད་པ་རེད།

2008.08.31

༄༅༎རེས་གཟའ་སྤེན་པའི་ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དགེ་འདུན་པ་དང་བཙུན་མ་གཙོས་པའི་བཙན་བྱོལ་བོད་མི་ཚོས་སྔ་དྲོའི་ཆོུད་༧ནས་དགོང་དྲོ་ཚོུད་༧པ་བར་ཚོུད་༡༢ རིང་འཛམ་གླིང་ནང་རང་དབང་དང་ཞི་བདེ་སྐྲུན་ཐབས་ཀྱི་ཆེད་དུ་ཟས་བཅད་སྨྱུང་གནས་དང་སྨོན་ལམ་གསོལ་འདེབས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་སྤེལ་ཡོད་པ་རེད།

ཟས་བཅད་སྨྱུང་གནས་སྨོན་ལམ་འདོན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དེའི་ནང་བཙན་བྱོལ་བོད་མི་དང་རྒྱབ་སྐྱོར་བ་ཚོས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བཞད་པད་བརྟན་པ་དང་འཛམ་གླིང་ཞི་བདེ་དང་རང་དབང༌། ལྷག་པར་དུ་དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་དམ་བསྒྲགས་དང་དྲག་གནོན་བྱེད་བཞིན་པའི་བྱ་སྤྱོད་མཚམས་འཇོག་ཡོང་ཐབས་ཀྱི་མཆོག་གསུམ་ལ་སྨོན་ལམ་གསོལ་འདེབས་གནང་ཡོད་ཅིང༌། དེ་ཉིན་བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཁག་དང་སློབ་གྲྭ། བོད་མི་ཚོས་གཉེར་བའི་ཚོང་ལས་ཁག་ཚང་མ་སྒོ་རྒྱབ་སྟེ་བོད་མི་ཚང་མ་ཉིན་གཅིག་གི་ཟས་བཅད་སྨྱུང་གནས་དང་སྨོན་ལམ་འདེབས་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དེའི་ནང་མཉམ་ཞུགས་གནང་སྟེ་རྒྱ་ནག་གཞུང་ཕྱོགས་ནས་བོད་མིའི་ཐོག་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པ་མཚམས་འཇོག་ཡོང་ཐབས་ལ་བོད་མི་ཚོའི་ངོས་ནས་ལག་བསྟར་བྱེད་བཞིན་པའི་འཚེ་མེད་ཞི་བའི་ཐབས་ལམ་དེ་ནི་སྔར་བས་ནུས་སྟོབས་ཆེ་རུ་ངགཏོང་བའི་རྣམ་པ་མཚོན་ཐུབ་པ་ཞིག་ཡིན་པ་རེད། བར་ལམ་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱས་པའི་རྗེས་བཙན་བྱོལ་བོད་གཞུང་བཀའ་ཤག་དང་གྲོས་ཚོགས་ཀྱི་ཐོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་མཚམས་འཇོག་ཡོང་ཐབས་ལ་དམིགས་པའི་བོད་གཞུང་དམངས་ཛ་དྲག་ལས་འགུལ་ཚོགས་ཆུང་ཞིག་ཟུར་ཏུ་གསར་འཛུགས་གནང་བ་བཞིན་ཚོགས་ཆུང་དེའི་ཐོག་ནས་ལས་འགུལ་གོ་སྒྲིག་གནང་བ་བཞིན་འཛམ་གླིང་གང་སར་ཡོད་པའི་བོད་མིའི་གནས་སྡོད་བྱེད་ཡུལ་ཁག་ཏུ་དེ་ཉིན་ཚོུད་༡༢རིང་ཟས་བཅད་སྨྱུང་གནས་དང་སྨོན་ལམ་འདེབས་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡོད་པ་དང་བཙན་བྱོལ་བོད་གཞུང་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་གོ་སྒྲིག་གནང་བའི་ཞི་བའི་ལས་འགུལ་དེའི་ནང་བཞུགས་སྒར་ཁུལ་གྱི་བོད་པའི་སློབ་གྲ་ཁག་དང་དགོན་སྡེ་ཁག་བཙུན་དགོན་ཁག་ཆོས་ཚོགས་ཁག་ཚང་མས་སྲུང་བརྩི་ཞུས་ཡོད་པ་མ་ཟད། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་དང་བཀའ་བློན་རྣམ་པ། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཚོགས་གཞོན། གྲོས་ཚོགས་ཀྱི་འཐུས་མི་རྣམ་པ། དེ་མིན་གྱི་གཞུང་གི་ལས་བྱེད་པ་སོགས་མཉམ་ཞུགས་གནང་ཡོད་པ་རེད༎

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎