སྤྲུལ་སྐུ་བསོད་སྦའི་གྲོགས་པོ་འཛིན་བཟུང་།

སྐུ་གཤེགས་པའི་མགོ་ལོག་སྤྲུལ་སྐུ་བསོད་སྦ་མཆོག་གི་སློབ་མ་ནམ་མཁའ་འཇིགས་མེད་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་འདུག

2012.02.03

༄༅༎ད་རེས་ཉེ་ཆར་བོད་བསྟན་སྲིད་ཆེད་སྐུ་ལུས་མེར་མཆོད་ཕུལ་ཏེ་སྐུ་གཤེགས་པའི་མགོ་ལོག་སྤྲུལ་སྐུ་བསོད་སྦ་མཆོག་གི་སློབ་མ་ནམ་མཁའ་འཇིགས་མེད་ལགས་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་འཛིན་བཟུང་བྱས་ཡོད་པའི་སྐོར་གནས་ཚུལ་ཐོན་ཡོད་པ་རེད་
གནས་ཚུལ་ཐོན་ཁུངས་ལ་གཞིགས་ན་ ནམ་མཁའ་འཇིགས་མེད་ལགས་ནི་ཞིང་གཤེགས་དམ་པ་སྤྲུལ་སྐུ་བསོད་སྦ་མཆོག་གི་སློབ་མའི་ཁོངས་རིན་པོ་ཆེ་དང་ཐུགས་འདྲིས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་དང་ ཁོང་ནས་སྤྲུལ་སྐུའི་སྐུ་རུས་དང་འདྲ་པར་སོགས་འཁྱེར་ནས་ལྷ་སར་དགོངས་རྫོགས་མཆོད་འབུལ་ཆེད་ཕེབས་ཡོད་པ་དང་ རྒྱ་གཞུང་ཉེན་རྟོག་པ་དང་གསང་བའི་མི་སྣས་ཁོང་ལྷ་སའི་བར་སྐོར་གྱི་སྐོར་ལམ་ནས་ ད་རེས་གློ་བུར་འཛིན་བཟུང་བྱས་ཏེ་བཙན་འཁྲིད་བྱས་ཡོད་འདུག་
གནས་ཚུལ་ཐོན་ཁོངས་ལ་གཞིགས་ན་ རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱ་དགོས་དོན་དམིགས་བསལ་གསལ་བཤད་བྱེད་ཀྱི་མེད་ཀྱང་ གླེང་ཕྱོགས་ཞིག་ལ་རྒྱ་གཞུང་ཉེན་རྟོག་པས་ ཁོང་གིས་ལྷ་སར་སྐད་འབོད་དང་བོད་རང་བཙན་གྱི་ཡིག་ཆ་འགྲེམས་གཏོར་སོགས་བྱས་པའི་ ཉེས་འཛུགས་བྱེད་ཀྱི་ཡོད་པ་དང་ རྒྱ་ནག་གཞུང་གིས་རྒྱལ་ས་ལྷ་སའི་ནང་ཁོང་དང་འབྲེལ་བ་ཡོད་པའི་ཕ་ཡུལ་གཅིག་པ་དང་ ངོ་ཤེས་གྲོགས་པོ་ཚོར་ཡང་འདྲི་རྩད་ཤུགས་ཆེ་བྱས་པའི་གནས་ཚུལ་ངོ་སྤྲོད་ཡོང་གི་ཡོདཔ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་མཆོག་གིས་གཞུང་འཛིན་གྱི་འགན་འཁུར་བཞེས་པའི་སྐབས་འདིར། ཨ་མི་རི་ཀས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གིས་ཐུགས་རེ་གནང་བཞིན་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པས་མཛད་རིམ་ཐོག་མ་རྒྱ་གར་སོགས་མཐུན་ཕྱོགས་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎