ཆོས་བྱེད་དོན་གཙོ་བོ་ནི་རང་གི་སེམས་ལ་བཟོ་བཅོས་བྱ་རྒྱུ་དེ་ཡིན།


2014.08.26
༧གོང་ས་མཆོག་གིས་ཇར་མེ་ནིའི་གྲོང་ཁྱེར་ཧམ་སྦུག་ནང་དད་ལྡན་མང་ཚོགས་ལ་སྤྱོད་འཇུག་གི་བཀའ་ཆོས་གནང་བཞིན་པ། ༢༠༡༤།༨།༢༥ ༧གོང་ས་མཆོག་གིས་ཇར་མེ་ནིའི་གྲོང་ཁྱེར་ཧམ་སྦུག་ནང་དད་ལྡན་མང་ཚོགས་ལ་སྤྱོད་འཇུག་གི་བཀའ་ཆོས་གནང་བཞིན་པ། ༢༠༡༤།༨།༢༥
སྐུ་སྒེར་དྲ་བ
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ཕྱི་ཟླ་༨ཚེས་༢༦གྱི་སྔ་དྲོ་ཇར་མན་གྱི་གྲོང་ཁྱེར་ཧམ་སྦུརག་ནང་དད་ལྡན་མང་ཚོགས་ལ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་སྩལ་གནང་མཛད་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་བྱེད་པའི་དགོས་དོན་གཙོ་བོ་ནི་རང་གི་སེམས་ལ་བཟོ་བཅོས་བྱ་རྒྱུ་དེ་ཡིན་པ་དང་། ཡང་དེའི་དགོས་དོན་གཙོ་བོ་ནི་རང་གཞན་གཉིས་ཀའི་མཐར་ཐུག་གི་རྣམ་མཁྱེན་གྱི་གོ་འཕང་ཐོབ་པ་བྱ་རྒྱུ་དེ་ཡིན་སྟབས། དེ་ལྟ་བུའི་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་གནས་ལུགས་ཏེ་སྟོང་ཉིད་ཀྱི་ལྟ་བ་རང་རྒྱུད་ལ་ངེས་པར་སྐྱེད་པར་བྱེད་དགོས་པ་བཀའ་གནང་འདུག། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འདས་པའི་ཉིན་གྲངས་གཉིས་རིང་སྤྱོད་འཇུག་ཆེན་མོའི་སྒོ་ནས་མང་ཚོགས་ལ་ཆོས་འབྲེལ་སྩལ་གནང་མཛད་ཡོད་པ་རེད། དེ་རིང་ཉིན་རྒྱབ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཇར་མན་བོད་རིགས་ཚོགས་པ་དང་ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་བཙུགས་ཏེ་ལོ་སུམ་ཅུ་སོ་ལྔ་དང་ལོ་ཉི་ཤུ་རྩ་ལྔ་སོ་སོར་འཁོར་བའི་མཛད་སྒོའི་ཚོགས་མགོན་དུ་ཞབས་སོར་འཁོད་གནང་མཛད་ཡོད་པ་དང་། སྐབས་དེར་ཇར་མན་བརྙན་འཕྲིན་གྱི་རིག་གཞུང་གསར་འགོད་པ་གྲགས་ཅན་ Gerd Schobal གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་དགོངས་བསྐོར་ཞུ་བའི་ལས་རིམ་ཞིག་ཀྱང་གོ་བསྒྲིགས་ཞུས་འདུག། ཐེངས་འདིའི་ཚོགས་པ་གཉིས་ཀྱི་ཚོགས་འདུའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་རྣམ་གཉིས་ཀྱང་ཕེབས་ཡོད་པ་མ་ཟད། ཇར་མན་གྲོས་ཚོགས་ཀྱི་ཚོགས་གཞོན་དང་ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Thomas Mannསོགས་ཆེས་མཐོའི་མི་སྣ་མང་པོ་ཞིག་ཚོགས་བཅར་གནང་འདུག

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

ཞིབ་ཕྲ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཚེ་དབང་ནོར་བུ་ལགས་ཀྱིས་ངོ་སྤྲོད་གནང་བར་གསན་རོགས།

<p
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་བོད་མིའི་སློབ་གྲྭ་ཟླ་སྒྲིལ་ཚོགས་ཆུང་བསྐོ་འཛུགས་ཀྱིས་སློབ་གྲྭ་ཟླ་སྒྲིལ་གཏང་རྒྱུའི་འཆར་འགོད་གནང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎